དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷོ་ཁ། འདི་འདྲའི་མགྱོགས་པ་ལ་ཨང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-28

    མཚན་གུང་དུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་སྨན་ཁང་ཁུལ་གསར་གྱི་སྒྱུར་བཀོད་བྱས་རྗེས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་དུ་གློག་འོད་རབ་ཏུ་གསལ་ཞིང་། “ལུས་པོ་ཡོངས་འགོག་སྲུང་གྱོན་ཆས་ཀྱིས་བཏུམས་པའི”བརྟག་དཔྱད་མི་སྣས་ལས་བྲེལ་ཆེན་པོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཉིང་སྐྱུར་མ་དཔེ་6000ལྷག་ཙམ་ལ་བརྟག་དཔྱད་བྱེད་བཞིན་འཆིས།

    འཛུགས་སྐྲུན་གྱི་གྲ་སྒྲིག་བྱེད་པ་ནས་བེད་སྤྱོད་གཏོང་འགོ་ཚུགས་པའི་བར་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་དེ་བསྒྱུར་བཀོད་བྱས་པར་ཆུ་ཚོད་40ཙམ་ལས་འགོར་མེད་པ་རེད།

    1.jpg

    2.jpg

    3.jpg

    ཚོད་ལྟ་ཁང་དེའི་འགན་འཁུར་བ་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་རིམས་འགོག་སྨན་བཅོས་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཅང་དབྱིང་གིས“ཚོད་ལྟ་ཁང་འདི་དུས་ཡུན་ཐུང་ངུ་འདི་འདྲའི་ངང་མགྱོགས་མྱུར་བསྐྲུན་ནས་སྤྱོད་ཐུབ་པ་ནི་གྲོང་ཁྱེར་ཡོངས་ཀྱི་སྨན་དོན་མི་སྣ་དང་། དང་བླངས་པ། ཨར་ལས་མི་སྣ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད། ཚང་མས་དཀའ་ངལ་ལ་མ་འཛེམས་པར་ལས་དུས་འཕར་མ་བྱེད་དོན་ནི་ཚོད་ལྟ་ཁང་མགྱོགས་མྱུར་སྤྱད་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་རིམས་འགོག་བྱེད་པར་དུས་ཐོག་དང་། ཇི་མ་ཇི་བཞིན། ནུས་ལྡན་བཅས་ཀྱི་སྒོ་ནས་འདེགས་སྐྱོར་བྱ་ཆེད་རེད”ཅེས་བཤད།

    4.jpg

    5.jpg

    6.jpg

    སྒྱུར་བཀོད་བེད་སྤྱོད་བྱེད་སྐབས་ཀྱི་རྒྱ་སྐྱེད་ཡོ་བྱད་4ནས་མིག་སྔའི་རྒྱ་སྐྱེད་ཡོ་བྱད་16བར་དང་། བརྟག་དཔྱད་པ་10ནས་17བར། མ་དཔེ་བསྡུ་ལེན་བྱེད་པ་ནས་བརྟག་དཔྱད་འབྲས་བུ་སྐུར་བའི་བར། ཚོད་ལྟ་ཁང་དེའི་བརྟག་དཔྱད་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། མིག་སྔར། བརྟག་དཔྱད་བྱེད་ཚད་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་གྲོང་ཁུལ་གཙོ་བོའི་70%ཙམ་ཟིན་པ་མ་ཟད། མང་ཚོགས་ཀྱིས་ཆུ་ཚོད་24ཡི་ནང་བརྟག་དཔྱད་བྱས་འབྲས་ལྟ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    7.jpg

    8.jpg

    9.jpg

    10.jpg

    11.jpg

    ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྒྲོམ་ཚང་སྨན་ཁང་གི་སྨན་དོན་ཚོགས་ཆུང་གི་འགན་འཁུར་བ་ལེའོ་ཨན་ཤིང་གིས“ལྷོ་ཁ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་དང་པོའི་ངོས་ནས་བརྗོད་ན། འདིར་ཁྱོན་ནད་ཁུལ་4བཟོས་ཡོད་པ་དང་ཚང་མ་ཐོགས་ཁང་གཅིག་ནང་ཡོད། ཉལ་ཁྲི་བསྡོམས་227ཡོད་པ་དང་ཟླ་8ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་བར། གདགས་གཤིས་ཡིན་པའི་ནད་པ་170སྨན་བཅོས་བྱེད་བཞིན་ཡོད། དེའི་ནང་ནས་ལོ་ན་མཐོ་ཤོས་81དང་ལོ་ན་ཆུང་ཤོས་ཟླ་བ་8ལས་སླེབས་ཀྱི་མེད། མིག་སྔར་བདེ་ཐང་གི་གནས་ཚུལ་ཡག་པོ་འདུག”ཅེས་བཤད།

    12.jpg

    ལྷོ་ཁ་གྲོང་ཁྱེར་རྩིས་བཤེར་ཅུས་ཏང་ཙུའི་ཧྲུའུ་ཅི་གནས་སྐབས་སྒྲོམ་ཚང་སྨན་ཁང་གི་སྤྱི་ཡོངས་ཀྱི་འགན་འཁུར་བ་ནོར་བུས“ང་ཚོ་ཚང་མས་ག་དུས་ཡིན་ནའང་བཀའ་སྒུག་པ་དང་། སྐོར་ཞིབ་དང་། དུག་སེལ། གཙང་སྦྲ། ལྟོ་སྐྱེལ་བ། དངོས་ཟོག་སྐྱེལ་འདྲེན། དགོས་མཁོ་ཡོད་པའི་ནད་པར་རོགས་རམ་བཅས་བྱེད་ཀྱི་ཡོད། དུས་རྒྱུན་དུ་མཚན་མོ་ལས་འགན་དོན་ནས་ལང་དགོས་པ་དང་ཉིན་རེར་ངལ་གསོ་ཆུ་ཚོད་གསུམ་ལྷག་ཙམ་ལས་རག་གི་མེད་ནའང་། ཚང་མས་ངལ་བར་མ་འཛེམས་པ་དང་འཁང་ར་གཏན་ནས་བྱེད་ཀྱི་མེད”ཅེས་བཤད།

    13.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།