དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆབ་མདོ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་གཉིས་ཀར་དམ་འཛིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ལས་ཐོན་སྐྱེད་གཉིས་ཀར་དམ་འཛིན་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནན་པོ་དང་ཏན་ཏིག་ངང་སྒྲུབ་པ་དང་ཆབས་ཅིག དུས་ཐོག་ཏུ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སོ་ནམ་དུས་ཚིགས་དམ་འཛིན་གྱིས་སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་འབྲེལ་སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཁུལ་དབྱེ་རིམ་དབྱེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་ནན་པོར་གཞིགས་ནས། འབྲེལ་ཡོད་སྡེ་ཚན་དང་དུས་ཐོག་ཏུ་མཐུན་སྦྱོར་གྱིས་ཞིང་འབྲོག་མང་ཚོགས་ཚོའི་ཞིང་ནང་གཡོག་བྱེད་དང་། ཞིང་འཕྲུལ་ལས་སྒྲུབ། ཞིང་ལས་རྒྱུ་ཆ་བསྒྱུར་སྐྱེལ། ཞིང་འཕྲུལ་སྣུམ་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་།“དུས་གཡོལ་ཚང་གཡོལ”དང“གནད་གཉིས་ཐིག་གཅིག”“བསྡུ་རོགས་ཚབ་ལེན”སོགས་ཀྱི་བྱ་ཐབས་སྤྱོད་པ། མི་སྣ་འདུ་འཛོམས་དང་འབྲེལ་གཏུག་ཉུང་དུ་གཏོང་གང་ཐུབ་བྱེད་པ། མང་ཚོགས་དང་། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་བཅས་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ནས་སོ་ནམ་དུས་ཚིགས་དམ་འཛིན་གྱིས་ལོ་ཏོག་མགྱོགས་མྱུར་བསྡུ་ཐུབ་པ་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་ལོ་ཏོག་མུའུ་ཁྲི་36.26བསྡུས་ཟིན་པའི་ནང་འབྲུ་རིགས་མུའུ་ཁྲི་28.57དང་། སྣུམ་རྒྱུ་མུའུ་ཁྲི་3.07 སྔོ་ཚལ་མུའུ་ཁྲི་2.15 གཟན་རྩྭ་མུའུ་ཁྲི་2.47བཅས་ཡོད་པ་དེས་སྤྱིའི་འདེབས་ཁྱོན་གྱི་49.35%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།