མིག་སྔར། རང་ལྗོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས། དཀའ་སྤྱད་འབད་འཐབ་བཅས་བྱས་ནས། རིམས་ནད་འགོག་རྒོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པར་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད།
ཟླ་8ཚེས་27ཉིན། ལྷ་ས་གྲོང་ཁྱེར་གྱི་ཆུ་ཤུར་རྫོང་དང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་། སྣེའུ་ཁུལ་གསར་བཅས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་འདུག
ཟླ་8ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་བར། གཞིས་རྩེ་གྲོང་ཁྱེར་གྱི་ས་དགའ་རྫོང་དང་། གྲོ་མོ་རྫོང་། ཁང་དམར་རྫོང་། རིན་སྤུངས་རྫོང་། གཏིང་སྐྱེས་རྫོང་། ངམ་རིང་རྫོང་། གཉའ་ལམ་རྫོང་། གམ་པ་རྫོང་། བཞད་མཐོང་སྨོན་རྫོང་བཅས་རྫོང་དགུ་ཡིས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་ཁྱབ་བསྒྲགས་བྱས་འདུག
འདིར་རྩོམ་སྒྲིག་པས་དྲན་སྐུལ་ཞུ་རྒྱུར།
མིག་སྔར་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པས། ཚང་མས་རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་མཐའ་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་དང་། ལག་པ་འཁྲུད་པ། རླུང་འགྲོ་ཡག་པོ། འདུ་འཛོམས་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་རང་འགུལ་ངང་གཞོགས་འདེགས་དང་དོན་འཁྱོལ་གྱིས་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྐུར་བ་བཅས་བྱེད་དགོས།