དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་རིམས་ནད་སྐོར་གྱི་གནས་ཚུལ་གསར་ཤོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-25

    ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་31པ། 

    ཟླ་8ཚེས་24ཉིན་གྱི་ཆུ་ཚོད་0ནས་24བར། ལྷ་ས་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ནད་དཔེ་190མང་དུ་ཕྱིན་པའི་ནང་། གཏན་འཁེལ་ནད་དཔེ་21དང་རྟགས་མེད་ནད་དུག་འགོས་པ་169གསར་དུ་ཐོན་པ་རེད། དེའི་ནང་། 

    (གཅིག)ཁྲེང་ཀོན་ཆུས(རིག་གནས་བསམ་བཀོད་གླིང་ཚུད་པ)སུ་ཉིན་དེ་རང་ལ་ནད་དཔེ་125མང་དུ་ཕྱིན་པ།(གཏན་འཁེལ་ནད་དཔེ་21དང་རྟགས་མེད་ནད་དུག་འགོས་པ་104ཡོད) 

    (གཉིས)སྟོད་ལུང་བདེ་ཆེན་ཆུས(དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་ཚུད་པ)སུ་ཉིན་དེ་རང་ལ་ནད་དཔེ་1(རྟགས་མེད་ནད་དུག་འགོས་པ1)མང་དུ་ཕྱིན་པ། 

    (གསུམ)མལ་གྲོ་གུང་དཀར་རྫོང་ལ་ཉིན་དེ་རང་ལ་ནད་དཔེ་6(རྟགས་མེད་ནད་དུག་འགོས་པ་6)མང་དུ་ཕྱིན་པ། 

    (བཞི)ལྷུན་གྲུབ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་48(རྟགས་མེད་ནད་དུག་འགོས་པ་48)མང་དུ་ཕྱིན་པ། 

    (ལྔ)སྙེ་མོ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་10(རྟགས་མེད་ནད་དུག་འགོས་པ10)མང་དུ་ཕྱིན་པ། 

    གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་བརྡ་ཁྱབ། 

    【2022】ཡིག་ཨང་17པ། 

    ཟླ་8ཚེས་24ཉིན་གྱི་ཆུ་ཚོད་0ནས་24བར། གཞིས་རྩེ་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་181མང་དུ་ཕྱིན་པའི་ནང་རྟགས་མེད་ནད་དུག་འགོས་པ་181ཡོད་པ་རེད། དེའི་ནང་། 

    (གཅིག)འབྲོང་པ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་48མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་48) 

    (གཉིས)སྐྱིད་གྲོང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་36མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་36) 

    (གསུམ)རྣམ་གླིང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་15མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་15) 

    (བཞི)ས་སྐྱ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་14མང་དུ་ཕྱིན་པ(རྟགས་མེད་ནད་དུག་འགོས་པ་14) 

    (ལྔ)ལྷ་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་11མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་11) 

    (དྲུག)ངམ་རིང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་11མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་11) 

    (བདུན)བསམ་གྲུབ་རྩེ་ཆུས་སུ་ཉིན་དེ་རང་ལ་ནད་དཔེ་10མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་10) 

    (བརྒྱད)གཉའ་ལམ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་9མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་9) 

    (དགུ)བཞད་མཐོང་སྨོན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་9མང་དུ་བཏང་བ།(རྟགས་མེད་ནད་དུག་འགོས་པ་9) 

    (བཅུ)དིང་རི་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་7མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་7)

    (བཅུ་གཅིག)པ་སྣམ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་5མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ5) 

    (བཅུ་གཉིས)རྒྱལ་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་3) 

    (བཅུ་གསུམ)རིན་སྤུངས་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་2མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་2)

    (བཅུ་བཞི)གཏིང་སྐྱེས་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་1མང་དུ་ཕྱིན་པ།(རྟགས་མེད་ནད་དུག་འགོས་པ་1) 

    (བཅོ་ལྔ།)གམ་པ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད། 

    (བཅུ་དྲུག)གྲོ་མོ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད། 

    (བཅུ་བདུན)ཁང་དམར་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད། 

    (བཅོ་བརྒྱད)ས་དགའ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད། 

    བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་27པ།

    2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར། མངའ་རིས་ས་ཁུལ་དུ་རྟགས་མེད་ནད་དུག་འགོས་པ་47མང་དུ་ཕྱིན་ཡོད། ཟླ་8ཚེས་23ཉིན་གྱི་ཆུ་ཚོད་24བར་ས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་15དང་རྟགས་མེད་ནད་དུག་འགོས་པ་725ཡོད་པ་རེད། དེའི་ནང་། 

    (གཅིག)སྒར་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་21མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)དང་། བསྡོམས་ནད་དཔེ་214ཡོད(གཏན་འཁེལ་ནད་དཔེ་12དང་རྟགས་མེད་ནད་དུག་འགོས་པ་202ཡོད།) 

    (གཉིས)སྤུ་ཧྲེང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་12མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ) དང་བསྡོམས་ནད་དཔེ་285ཡོད(གཏན་འཁེལ་ནད་དཔེ་2དང་རྟགས་མེད་ནད་དུག་འགོས་པ་283ཡོད)

    (གསུམ)དགེ་རྒྱས་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་7མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)དང་། བསྡོམས་ནད་དཔེ་102ཡོད།(གཏན་འཁེལ་ནད་དཔེ་1དང་རྟགས་མེད་ནད་དུག་འགོས་པ་101)  

    (བཞི)མཚོ་ཆེན་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་3མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)དང་། བསྡོམས་ནད་དཔེ་20ཡོད།(རྟགས་མེད་ནད་དུག་འགོས་པ་20ཡོད) 

    (ལྔ)སྒེར་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་4མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)དང་། བསྡོམས་ནད་དཔེ་113ཡོད(རྟགས་མེད་ནད་དུག་འགོས་པ113) 

    (དྲུག)རུ་ཐོག་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད། བསྡོམས་ནད་དཔེ་8ཡོད(རྟགས་མེད་ནད་དུག་འགོས་པ8)

    བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    【2022】ཡིག་ཨང་28པ།

    2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་24བར། ས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་112ཡོད་པ་རེད། དེའི་ནང་། 

    (གཅིག)སྒར་རྫོང་དུ་རིམ་རྩིས་བྱས་ན་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་64ཡོད་པ། 

    (གཉིས)དགེ་རྒྱས་རྫོང་དུ་རིམ་རྩིས་བྱས་ན་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་1ཡོད་པ། 

    (གསུམ)སྤུ་ཧྲེང་རྫོང་དུ་རིམ་རྩིས་བྱས་ན་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་43ཡོད་པ། 

    (བཞི)མཚོ་ཆེན་རྫོང་དུ་རིམ་རྩིས་བྱས་ན་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་3ཡོད་པ། 

    (ལྔ)རུ་ཐོག་རྫོང་དུ་རིམ་རྩིས་བྱས་ན་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་དང་སྨན་བཅོས་བྱས་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་1ཡོད་པ། 

    མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས། 

    2022ལོའི་ཟླ་8ཚེས་24ཉིན།  

    ཆབ་མདོ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་21པ) 

    2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་14ནས་24བར། ཆབ་མདོ་གྲོང་ཁྱེར་དུ་རྟགས་མེད་ནད་དུག་འགོས་པ་8མང་དུ་ཕྱིན་ཡོད་པ་རེད། ཟླ་8ཚེས་23ཉིན་གྱི་ཆུ་ཚོད་24བར། ཆབ་མདོ་གྲོང་ཁྱེར་དུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་28(དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་1)ཡོད་པ་དང་རྟགས་མེད་ནད་དུག་འགོས་པ་49ཡོད་པ་རེད། 

    ཉིང་ཁྲི་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་གསལ་བསྒྲགས། 

    (2022ལོའི་ཡིག་ཨང་25པ) 

     2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར། ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་39མང་དུ་ཕྱིན་པའི་ནང་། གཏན་འཁེལ་ནད་དཔེ་12དང་རྟགས་མེད་ནད་དུག་འགོས་པ་27ཡོད། དེ་ཡང་། བྲག་ཡིབ་ཆུས་སུ་ནད་དཔེ་37དང་། ཀོང་པོ་རྒྱ་མདའ་རྫོང་དུ་ནད་དཔེ་1 སྤོ་བོ་རྫོང་དུ་ནད་དཔེ་1བཅས་ཡོད་པ་རེད། ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་གཏན་འཁེལ་ནད་དཔེ་3མང་དུ་ཕྱིན་པ་དང་རྟགས་མེད་ནད་དུག་འགོས་པར་གསོ་རིག་གི་ལོགས་འཇོག་ལྟ་ཞིབ་བྱེད་མཚམས་བཞག་པ་6ཡོད་པ་རེད། གསར་དུ་ཐོན་པའི་ནད་དཔེའི་ནང་ནད་དཔེ་36ནི་ལོགས་འཇོག་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་ཤེས་རྟོགས་བྱུང་བ་དང་། ནད་དཔེ་3ནི་སྤྱི་ཚོགས་ཐོག་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་ཤེས་རྟོགས་བྱུང་བ་ཞིག་རེད། 

    ནག་ཆུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    (2022)ཡིག་ཨང་12པ། 

     2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་24བར། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་320ཡོད་པ་དང་། དེའི་ནང་གཏན་འཁེལ་ནད་དཔེ་16དང་རྟགས་མེད་ནད་དུག་འགོས་པ་304ཡོད་པ་རེད། 

     2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར། ནག་ཆུ་གྲོང་ཁྱེར་གྱིས་གཙོ་གནད་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་59(གཏན་འཁེལ་ནད་དཔེ་1དང་རྟགས་མེད་ནད་དུག་འགོས་པ་58)ཤེས་རྟོགས་བྱུང་ཡོད། 

    ལྷོ་ཁ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས། 

    (2022)ཡིག་ཨང་22པ། 

     2022ལོའི་ཟླ་8ཚེས་24ཉིན་གྱི་ཆུ་ཚོད་0ནས་24བར། ལྷོ་ཁ་གྲོང་ཁྱེར་དུ་རྟགས་མེད་ནད་དུག་འགོས་པ་32མང་དུ་ཕྱིན་ཡོད། ཟླ་8ཚེས་24ཉིན་གྱི་ཆུ་ཚོད་24བར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་གཏན་འཁེལ་ནད་དཔེ་6དང་རྟགས་མེད་ནད་དུག་འགོས་པ་397ཡོད་པ་རེད། དེའི་ནང་། 

    (གཅིག)སྣེ་གདོང་ཆུས་སུ་ཉིན་དེ་རང་ལ་ནད་དཔེ་31མང་དུ་ཕྱིན་ཡོད་པ(ཚང་མ་རྟགས་མེད་ནད་དུག་འགོས་པ་ཡིན་པ)དང་། རིམ་རྩིས་བྱས་ན་ནད་དཔེ་282(གཏན་འཁེལ་ནད་དཔེ་2དང་རྟགས་མེད་ནད་དུག་འགོས་པ280) ཡོད།

    (གཉིས)གོང་དཀར་རྫོང(བོད་ལྗོངས་བདེ་སྐྱིད་ཁྱིམ་གཞིས་མ་འཇོག་འཛུགས་སྐྲུན་ཚོགས་པ་དང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་སྲིན་པོ་རི་བཀོད་སྒྲིག་བྱ་ཡུལ་ཚུད)དུ་ཉིན་དེ་རང་ལ་ནད་དཔེ་1མང་དུ་ཕྱིན་ཡོད་པ(རྟགས་མེད་ནད་དུག་འགོས་པ་ཡིན་པ)དང་། བསྡོམས་ནད་དཔེ་30(གཏན་འཁེལ་ནད་དཔེ་2དང་རྟགས་མེད་ནད་དུག་འགོས་པ28)ཡོད། 

    (གསུམ)ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ས་ཁོངས་སུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད་པ་དང་། བསྡོམས་ནད་དཔེ་31(རྟགས་མེད་ནད་དུག་འགོས་པ་31)ཡོད། 

    (བཞི།)རྒྱ་ཚ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད་པ་དང་། བསྡོམས་ནད་དཔེ་3(རྟགས་མེད་ནད་དུག་འགོས་པ་3)ཡོད། 

    (ལྔ།)འཕྱོངས་རྒྱས་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད་པ་དང་། བསྡོམས་ནད་དཔེ་2(རྟགས་མེད་ནད་དུག་འགོས་པ་2)ཡོད། 

    (དྲུག)སྣ་དཀར་རྩེ་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད་པ་དང་། བསྡོམས་ནད་དཔེ་12(རྟགས་མེད་ནད་དུག་འགོས་པ་12)ཡོད། 

    (བདུན)གྲ་ནང་རྫོང་དུ་ཉིན་དེ་རང་ལ་ནད་དཔེ་མང་དུ་ཕྱིན་མེད་པ་དང་། བསྡོམས་ནད་དཔེ་43(གཏན་འཁེལ་ནད་དཔེ་2དང་རྟགས་མེད་ནད་དུག་འགོས་པ་41)ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།