དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཏམ་བཟང་ཡོད། བོད་ཀྱི་ས་ཆ་འདི་དག་ལ་རིམས་ནད་གཙང་བཟོ་ཐུབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-24

     མིག་སྔར། རང་ལྗོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས། དཀའ་སྤྱད་འབད་འཐབ་བཅས་བྱས་ནས། རིམས་ནད་འགོག་རྒོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པར་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད།

    ཉིན་ཤས་བསྟུད་མའི་རིང་། ཆབ་མདོ་དང་ནག་ཆུ། མངའ་རིས་བཅས་ཀྱི་རྫོང་འགའ་ཞིག་ལ་ཉིང་སྐྱུར་བརྟག་དཔྱད་དང་ཏོག་གསར་ནད་དུག་ཕོག་པའི་ཡུལ་དེ་གའི་ནད་དཔེ་གསར་དུ་ཐོན་མེད་པ་དང་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད། ཚེས་23ཉིན་ནས་ཚེས་24ཉིན་བར། ཆབ་མདོའི་ལྷོ་རོང་རྫོང་དང་། ནག་ཆུའི་སོག་རྫོང་། མངའ་རིས་ཀྱི་རུ་ཐོག་རྫོང་དང་མཚོ་ཆེན་རྫོང་བཅས་རྫོང་བཞི་ཡིས་སྔ་རྗེས་སུ་སྤྱི་ཚོགས་ཐོག་རིམས་ནད་གཙང་བཟོ་ཐུབ་པའི་སྤྱི་བསྒྲགས་སྤེལ་བ་རེད།

    འདིར་རྩོམ་སྒྲིག་པས་དྲན་སྐུལ་ཞུ་རྒྱུར།

    མིག་སྔར་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པས། ཚང་མས་རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་པ་དང་། ལག་པ་འཁྲུ་བ། རླུང་འགྲོ་ཡག་པོ་ཐུབ་པར་བྱེད་པ། འཛོམས་འཛོམས་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ལ་རང་འགུལ་ངང་གཞོགས་འདེགས་དང་དོན་འཁྱོལ་གྱིས་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།