ཟླ་8ཚེས་22ཉིན་གྱི་ཕྱི་དྲོ། རྟགས་མེད་ནད་དུག་འགོས་པ་321དྲག་སྐྱེད་བྱུང་སྟེ་ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་ནས་དོན་ཞིང་། དེའི་ནང་གི་ལོ་མཐོ་ཤོས་77དང་ཆུང་ཤོས་ལོ་2ཡིན་པ་རེད། གཏན་འབེབས་ལ་གཞིགས་ན། ཁོང་ཚོ་སྒྲོམ་ཚང་སྨན་ཁང་ནས་དོན་རྗེས་མུ་མཐུད་ཁྱིམ་དུ་བསྡད་ནས་ཉིན་7རིང་བདེ་ཐང་གི་བརྟག་དཔྱད་བྱ་རྒྱུ་རེད།
པེ་ཅིང་དང་། ཅང་སུའུ། ཁྲུང་ཆིང་བཅས་ཀྱི་སྨན་བཅོས་རུ་ཁག་གི་རོགས་སྐྱོར་འོག མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དེ་དང་དུས་མཚུངས། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་དང་སྨན་དོན་མི་སྣ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་ལུགས(བོད་ལུགས)དང་ཕྱི་ལུགས་གསོ་རིག་མཉམ་འདྲེས་ཀྱི་སྐྱོབ་བཅོས་བྱ་ཐབས་བརྒྱུད་སྒྲོམ་ཚང་སྨན་ཁང་ནས་ནད་པ་དྲག་སྐྱེད་བྱུང་ཚད་སྔར་བས་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག་ནད་པ་སྨན་བཅོས་བྱེད་ཚད་ཀྱང་སྔར་བས་མགྱོགས་སུ་འགྲོ་རྒྱུ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་ནས་ནད་པ་1080དྲག་སྐྱེད་བྱུང་ནས་དོན་པ་རེད།