དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངའ་རིས་ས་ཁུལ་གྱིས་རིམས་འགོག་དང་འབྲུབ་འགོག་གཉིས་ཀར་དམ་འཛིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-24

     ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་འཕྲལ་སྡོམ་ཁོངས་གཏོགས་ཀྱིས་རྒྱུན་གཏན་གྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་རྒུད་སྐྱོབ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱས་ཡོད།

    རིམས་ནད་ཐོན་པ་ནས་བཟུང་མངའ་རིས་ས་ཁུལ་གྱི་འཕྲལ་སྡོམ་ཁོངས་གཏོགས་ཀྱིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་བཀའ་བཞིན་བྱ་སྤྱོད་སྤེལ་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉིང་སྐྱུར་བརྟག་དཔྱད་དང་། དེ་གར་ལུས་པའི་མི་སྣ་བཀོད་སྒྲིག ས་ཚིགས་སོགས་ལ་མཁོ་བའི་དངོས་ཟོག་སྡེབ་སྐྱེལ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད། ཟླ་8ཚེས་19ཉིན་བར་སྲིང་བལ་གྱི་གུར་དང་། ལྟེབ་ཁྲི། སྲིང་བལ་གྱི་ཉལ་ཆས། སྲིང་བལ་གྱི་གདན། སྲིང་བལ་གྱི་གྱོན་གོས་སོགས་12035མཁོ་འདོན་བྱས་ལ། དེ་དང་དུས་མཚུངས། མངའ་རིས་ས་ཁུལ་འཕྲལ་སྡོམ་ཁོངས་གཏོགས་ཀྱིས་འཕྲལ་མར་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཡུལ་དངོས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་ཏེ་མང་ཚོགས་ལ་ཉིང་སྐྱུར་གྱི་མ་དཔེ་བསྡུ་ལེན་དང་ཐོ་འགོད་སོགས་བྱེད་རོགས་བྱས་པ་མ་ཟད། མངའ་རིས་ས་ཁུལ་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ལས་ཁུངས་ཀྱི་རྒྱལ་སྒོར“རིམས་འགོག་དྲོ་སྐྱིད་ས་ཚིགས”བཙུགས་ཏེ་རིན་མི་དགོས་པར་སྒྲོག་ཙེ་དང་། རྐུབ་སྟེགས། གཏེར་ཆུ་སོགས་མཁོ་འདོན་བྱས་ནས་ཉེ་འགྲམ་གྱི་སྨན་དོན་མི་སྣ་དང་། དང་བླངས་པ། ལས་དོན་མི་སྣ་བཅས་ལ་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ཡོད།

    གཞན་ཡང་། ཟླ་8པ་ནས་བཟུང་མངའ་རིས་ས་ཁུལ་གྱི་ས་ཆ་མང་པོར་འདམ་རྡོའི་ཆུ་རུད་དང་ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་ཡོད། རྩ་མདའ་རྫོང་དུ“8·8”འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་མངའ་རིས་ས་ཁུལ་འཕྲལ་སྡོམ་དོ་དམ་དང་མེ་ཟོན་རོགས་སྐྱོབ་སོགས་སྡེ་ཚན་གྱིས་མགྱོགས་མྱུར་ཉེན་ཁ་ཐོན་ཡུལ་དུ་བསྐྱོད་དེ་རོགས་སྐྱོབ་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།