ལྷ་ས་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། ཟླ་8ཚེས་15ཉིན་འཕྲུལ་ལས་ཅན་གྱི་སྒྲིག་ཆས་101གྲ་སྒྲིག་བྱས་པ་དང་བསྟུན་ནས་ལྷ་སའི“འཕྲུལ་མིག”ཚོད་ལྟ་ཁང་ཐོག་མ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། ཚོད་ལྟ་ཁང་དེས་ཧྭ་ཏ་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ལག་རྩལ་དང་། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ལྟེ་བའི་ཐོན་རྫས་སྒྲིག་ཆས་དང་དེ་བཞིན་ལོ་མང་རིང་གི་ཚོད་ལྟ་ཁང་གཉེར་སྐྱོང་གི་ཉམས་མྱོང་བསྡུ་སྒྲིལ་བྱས་ཡོད་པ་རེད།
ཚོད་ལྟ་ཁང་དུ་བརྟག་དཔྱད་བྱེད་མཁན་གྱིས་ལས་བྲེལ་ཆེ་ལ་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་མ་དཔེ་ལ་ཞིབ་དཔྱད་བྱེད་བཞིན་འདུག མ་དཔེ་བསྡུ་ལེན་དང་། ཆ་འཕྲིན་ཞིབ་བསྡུར། མ་དཔེའི་ཨང་གྲངས། ཉིང་སྐྱུར་ལེན་པ། དབྱེ་ཞིབ་བཅས་བྱེད་པ་ནས་མཇུག་འབྲས་གཏན་འཁེལ་དང་གོང་ཞུ་སོགས་ནད་དུག་དང་བར་ཐག་ཉེ་ཤོས་ཡིན་པའི་ཚོད་ལྟ་ཁང་གི་ལས་དོན་མི་སྣས་རང་ཉིད་ཀྱི“རྣོ་ངར་ལྡན་པའི་མིག”ལ་བརྟེན་ནས་ནད་དུག་བཙལ་ནས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
“མིག་སྔར་ཚོད་ལྟ་ཁང་དུ་ཁྱོན་ལས་དོན་མི་སྣ་200ལྷག་ཙམ་ཡོད་པ་དང་ཆུ་ཚོད་24རིང་ལས་ཀ་བྱེད་ཀྱི་ཡོད། ད་ཆ་ཚོད་ལྟ་ཁང་གི་ཉིན་རེ་ཉིང་སྐྱུར་བརྟག་དཔྱད་བྱེད་ཚད་མཐོ་ཤོས་ཁྲི་10ཟིན་གྱི་ཡོད”ཅེས་ལྷ་སའི“འཕྲུལ་མིག”ཚོད་ལྟ་ཁང་གི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཀྲང་ཧུང་ཡུན་གྱིས་ངོ་སྤྲོད་བྱས་པ་རེད།