དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཏམ་བཟང་། ལྷོ་ཁའི་གཏན་འཁེལ་ནད་དཔེ་ཐོག་མ་དེ་སྨན་ཁང་ནས་དོན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-23

    8ཚེས་23ཉིན།  ལྷོ་ཁ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་པ་ཐོག་མ་དེ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ཤང་ཅང་ཁུལ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་ཡོད་པ་རེད། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་གནས་གཏན་འཁེལ་སྨན་ཁང་ནས་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་བའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་ཐོག་མ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་ལོ་54ཡིན་པ་དང་།  ཟླ་8ཚེས་9ཉིན་སྨན་ཁང་དུ་བསྡད་པ་རེད། སྨན་ཁང་དུ་སྡོད་རིང་སྨན་བཅོས་ཚོགས་པས་ཉིན་12རིང་སྨན་བཅོས་ཞིབ་ཚགས་བྱས་སྟབས་ནད་གཞི་རིམ་གྱིས་ལེགས་སུ་ཕྱིན་ཞིང་།  དེ་རྗེས་བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པས། རིགས་གཅིག་མཁས་ཅན་གྱིས་བརྡར་གཅོད་བྱས་པ་བརྒྱུད།  ནད་པ་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་ཞིང་།  སྨན་ཁང་ནས་དོན་རྗེས་ནད་པར་མུ་མཐུད་ཉིན་7རིང་གི་བདེ་ཐང་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།ྷག་པ་ཚེ་རིང་གཞོན་པ། བསྟན་འཛིན་རྒན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།