ལྷ་ས།
ཟླ་8ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་8ཙམ་ལ། 《ཏོག་གསར་ནད་དུག་གློ་ཚད་ཀྱི་བརྟག་བཅོས་ཇུས་གཞི(ཚོད་ལྟའི་དཔར་གཞི་དགུ་པ)》ཡི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཚོད་སྐོར་བྱས་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་དང་པོའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་206ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་སུ་གྱུར་ཏེ་སྒྲོམ་ཚང་སྨན་ཁང་ནས་དོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁག་འདིའི་ནད་པ་206ཚང་མ་ནི་རྟགས་མེད་ནད་དུག་འགོས་པ་ཤ་སྟག་ཡིན་པ་དང་། དེའི་ནང་ལོ་ཆེ་ཤོས་75དང་ཆུང་ཤོས་ཟླ་བ་7ཡིན་པ་རེད། དེ་དག་ལ་བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པ་དང་ཆབས་ཅིག རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བརྡར་གཅོད་བྱས་པ་བརྒྱུད། ནད་པ་206སྒྲོམ་ཚང་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་པ་དང་། ཁོང་ཚོ་སྒྲོམ་ཚང་སྨན་ཁང་ནས་དོན་རྗེས་མུ་མཐུད་ཁྱིམ་དུ་ཉིན་7ལོགས་སུ་འཇོག་རྒྱུ་རེད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་དང་པོ་ནས་རིམ་རྩིས་བྱས་ན་མི་759དོན་ཡོད་པ་རེད།
གཞིས་རྩེ།
ཟླ་8ཚེས་21ཉིན། 《ཏོག་གསར་ནད་དུག་གློ་ཚད་ཀྱི་བརྟག་བཅོས་ཇུས་གཞི(ཚོད་ལྟའི་དཔར་གཞི་དགུ་པ)》དང《ཏོག་གསར་ནད་དུག་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི(དཔར་གཞི་དགུ་པ)》ཡི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཚོད་སྐོར་བྱས་པ་དང་སྦྲགས། གཞིས་རྩེ་གྲོང་ཁྱེར་གྱི་སྒྲོམ་ཚང་སྨན་ཁང་དང་པོའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་117ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་སུ་གྱུར་ཏེ་སྒྲོམ་ཚང་སྨན་ཁང་ནས་དོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་117ཚང་མ་ནི་རྟགས་མེད་ནད་དུག་འགོས་པ་ཤ་སྟག་ཡིན་པ་དང་། དེ་དག་ལ་བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པ་དང་ཆབས་ཅིག རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བརྡར་གཅོད་བྱས་པ་བརྒྱུད། ནད་པ་117སྒྲོམ་ཚང་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་པ་དང་། ཁོང་ཚོ་སྒྲོམ་ཚང་སྨན་ཁང་ནས་དོན་རྗེས་མུ་མཐུད་ཁྱིམ་དུ་ཉིན་7ལོགས་སུ་འཇོག་རྒྱུ་རེད།
ཆབ་མདོ།
8ཚེས་20ཉིན་གྱི་དགོང་མོའི་ཆུ་ཚོད་10དང་སྐར་མ་45ཙམ་ལ། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་ཅུང་ཡང་བའི་ནད་པ་ཐོག་མ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་ལོ་31ཡིན་པ་དང་། ཟླ་8ཚེས་16ཉིན་སྨན་ཁང་དུ་ཡོང་དུས། ཏོག་གསར་གློ་ཚད་ཀྱི་ནད་གཞི་ཅུང་ཡང་བའི་ནད་པ་ཡིན་པའི་ནད་བརྟག་ངོས་འཛིན་བྱས་ཡོད། སྨན་ཁང་དུ་སྡོད་རིང་། ཕྱི་ལུགས་དང་། ཀྲུང་ལུགས། བོད་ལུགས་བཅས་ཀྱི་སྨན་པ་དང་། སེམས་ཁམས། ནད་སྐྱོང་བཅས་ཀྱི་ཚོགས་པས་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད། ནད་པའི་ནད་གཞི་རིམ་གྱིས་དྲག་སྐྱེད་བྱུང་བ་དང་། བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པ་དང་ཆབས་ཅིག རིགས་གཅིག་མཁས་ཅན་གྱིས་བརྡར་གཅོད་བྱས་པ་བརྒྱུད། ནད་པ་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་པ་ཞིང་། སྨན་ཁང་ནས་དོན་རྗེས་ནད་པར་མུ་མཐུད་ཉིན་7རིང་གི་བདེ་ཐང་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།