དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མི་ཁྲི་15ལ་འདང་བའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ནད་འགོག་གཞི་རྐྱེན་གྱི་ཚོད་ལྟའི་སྨན་རྫས་སྒམ་ལྷ་སར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    ཚེས་20ཉིན། པེ་ཅིང་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་དོན་གཅོད་ཁྲུའུ་ཡིས་བཏང་བའི་རིམས་འགོག་དངོས་རྫས་ཁག་དང་པོ་དེ་ཆུ་ཚོད་40དང་སྐར་མ་34སོང་རྗེས་མེ་འཁོར་Z21བརྒྱུད་པེ་ཅིང་ནས་ལྷ་ས་མེ་འཁོར་བབས་ཚུགས་སུ་འབྱོར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རིམས་འགོག་དངོས་རྫས་ཁག་དང་པོ་དེ་ནི་མི་ཁྲི་15ལ་འདང་བའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ནད་འགོག་གཞི་རྐྱེན་གྱི་ཚོད་ལྟའི་སྨན་རྫས་སྒམ་ཡིན་པ་དང་། ཁག་ཐེངས་གཉིས་པའི་མི་ཁྲི་10ལ་འདང་བའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ནད་འགོག་གཞི་རྐྱེན་གྱི་ཚོད་ལྟའི་སྨན་རྫས་སྒམ་ཚེས་21ཉིན་གྱི་ཉིན་དགུང་འབྱོར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེལ་འདྲེན་ལས་འགན་ཤེས་རྗེས་ལྷ་ས་མེ་འཁོར་བབས་ཚུགས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། སྒྲིག་འཛུགས་ཞིབ་ཚགས་ཀྱིས་མེ་འཁོར་གྱི་འགྲུལ་ཞབས་པ་དང་མཐུན་སྦྱོར་འབྲེལ་གཏུག་བྱས་ཏེ་དངོས་རྫས་ཀྱི་གྲངས་འབོར་དང་དངོས་རྫས་ཡོད་སའི་འཁོར་སྒྲོམ་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག་ཏང་ཡོན་གདོང་ལེན་རུ་ཁག་སྒྲིག་འཛུགས་བྱས་ཏེ་རིམས་འགོག་དངོས་རྫས་མེ་འཁོར་ལས་ཕབ་པ་དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་ནན་པོ་བྱས་ཏེ་འགོག་སྲུང་གྱོན་ཆས་ཡང་དག་ངང་གྱོན་པ་དང་། དུག་སེལ་ལས་དོན་ཡག་པོ་སྒྲུབ་པ། གཅིག་ལ་གཅིག་བརྒྱུད་ངང་དངོས་རྫས་འདྲུད་འཁོར་ཐོག་དབོར་བ་བཅས་བྱས་ཏེ་སྐྱེལ་འདྲེན་ལས་འགན་མགྱོགས་མྱུར་དང་ནུས་ཆེའི་སྒོ་ནས་ལེགས་གྲུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།