དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་སར་གཞོན་ནུ་དང་བླངས་པ་3600ལྷག་ཙམ་གྱིས་འཐབ་ས་དང་པོར་འབད་འཐབ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་ས་གྲོང་ཁྱེར་དུ་དང་བླངས་པ་3600ལྷག་ཙམ་གྱིས་རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པ་དང་། ཁོང་ཚོས་ལྡོག་སྐྱོད་རིམས་འགོག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ལེགས་སྐྱེས་འབུལ་བ་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་མཚོན་པར་བྱས་པ་རེད།

    རིམས་ནད་ཐོན་རྗེས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་འཕྲལ་དུ“ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་དང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ། སྤྱི་ཚོགས་དང་བླངས་པ”བཅས་མཉམ་འབྲེལ་གྱི་རིམ་པ་གསུམ་པའི་སྐུལ་སློང་བྱེད་ཐབས་ལག་ལེན་བསྟར་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི《གྲོས་འགོའི་ཡི་གེ》དང《སྐོང་བསྡུའི་བཀའ་རྒྱ》ཛ་དྲག་ངང་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ལ་འབྲེལ་གཏུག་བྱེད་ཐབས་ཁྱབ་བསྒྲགས་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གིས་མགྱོགས་མྱུར་དང་ལེན་ཞུས་པ་རེད།

    དང་བླངས་ཞབས་ཞུ་གནད་འཁེལ་དང་ཕན་ནུས་ལྡན་པར་བྱེད་ཆེད། གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་ཁྲོམ་གཞུང་དང་སྡེ་ཁུལ་གྱིས“མངགས་པ”དང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས“བཀོད་གཏོང”གི་བྱེད་སྟངས་བརྒྱུད། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་སྤྱི་ཚོགས་ཀྱི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། ཁྲེང་ཀོན་ཆུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་། ཁྲེང་ཀོན་ཆུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་གཅིག་གྱུར་དོ་དམ་བྱེད་པ། རིམས་འགོག་དང་བླངས་ཞབས་ཞུའི་འབྲེལ་གཏུག་མི་སྣ་དང་འགན་འཁུར་བ་སོགས་ཀྱི་ལས་གནས་བཀོད་སྒྲིག་བྱས་ཏེ། ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་12ལ་གཞོགས་འདེགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུ་སྤེལ་བ་དང་འབྲེལ་གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་། མི་སྤྱོད་ཚན་པ། ཁོངས་གཏོགས་ཁུལ། དང་བླངས་པ་བཅས་ཕྱོགས་མང་མཐུན་སྦྱོར་འབྲེལ་གཏུག་གི་ཐབས་ལམ་མགྱོགས་མྱུར་བཏོད་པ་དང་། དངོས་ཡོད་གནས་ཚུལ་ལ་གཞིགས་ནས་དང་བླངས་ཞབས་ཞུ་བ་དུས་ཐོག་ཏུ་ཁ་གསབ་དང་ལེགས་སྒྲིག་བྱས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་ཞབས་ཞུའི་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དང་བླངས་ཞབས་ཞུའི“མཁོ་འདོན”དང“དགོས་མཁོ”སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།