དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་གྱི་ཏང་ཡོན་ཁྲི་6ལྷག་ཙམ་གྱིས་རིམས་ནད་ཀྱི་འཐབ་ས་དང་པོར་གདོང་མཆོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

     རིམས་ནད་ཐོན་ཚུན། ལྷ་ས་གྲོང་ཨུད་རྩ་འཛུགས་པུས་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས《རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་3700ལྷག་ཙམ་དང་ཏང་ཡོན་ཁྲི་6ལྷག་ཙམ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད།

    དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་281དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་1310 དེ་བཞིན་ཆེད་སྒྲུབ་ལས་བྱེད་པ་སྣ་ཚོགས་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་རུ་ཁག་ནང་ཞུགས་སུ་བཅུག་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཀྱིས་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།