དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སོག་རྫོང་གིས་སོག་རྫོང་དུ་ལུས་པའི་འགྲུལ་པར་རིམས་ནད་རིང་སེམས་ཁྲལ་གང་ཡང་མེད་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    0b78c4c9-308d-4e2a-8708-4162aa30d16e.jpg.jpg

    འདི་ནི་སོག་རྫོང་རོང་པོ་བརྟག་དཔྱད་ས་ཚིགས་ཀྱི་ལས་སྒྲུབ་མི་སྣས་སོག་རྫོང་དུ་ལུས་པའི་འགྲུལ་པར་དངོས་རྫས་སྤྲོད་བཞིན་པ།

     མིག་སྔའི་རིམས་ནད་ཀྱི་དུས་བབ་ཛ་དྲག་པོ་ཡོད་པས་ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་ནན་པོར་གཞིགས་ཏེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིབ་བཤེར་ས་ཚིགས་བཙུགས་ནས་ཉིང་སྐྱུར་བརྟག་དཔྱད་དང་། ཚ་བ་ལྟ་བ། བདེ་ཐང་ཨང་རྟགས་དང་། འགྲོ་སྐྱོད་བཤེར་རྟགས། གནས་ཡུལ་ཨང་རྟགས་སོགས་བཤེར་དུ་བཅུག་སྟེ། ཕར་འགྲོ་ཚུར་འོང་བྱེད་མཁན་ཚང་མར་བརྟག་དཔྱད་ནན་པོ་བྱས་པ་དང་ཆབས་ཅིག སོག་རྫོང་དུ་ལུས་པའི་མི་སྣར་སེམས་རྩ་འཁོལ་བའི་ཞབས་ཞུ་སྒྲུབ་བཞིན་ཡོད།

    སོག་རྫོང་རོང་པོ་ཞིབ་བཤེར་ས་ཚིགས་ནས་གྲོང་རྡལ་ལྟེ་གནས་དབར་བར་ཐག་སྨི་500ཡོད་པ་དང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་སྣས་དེ་གར་ལུས་པའི་འགྲུལ་པའི་དགོས་མཁོར་གཞིགས་ནས་དམངས་ཕན་སྒོ་རྩིས་ཚོང་ཁང་དང་འབྲེལ་བ་བྱས་ཏེ་འགྲུལ་པར་སྟབས་བདེའི་ཞབས་འདེགས་ཞུ་གི་ཡོད་ཅིང་། དེ་གར་ཁ་ལག་དང་གཙང་སྦྲའི་ཤོག་བུ་སོགས་འཚོ་བའི་མཁོ་ཆས་ཡོད་པ་མ་ཟད། ད་དུང་རྒྱུན་གཏན་གྱི་སྨན་རྫས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད།

    ཕྱི་ནས་གླ་པར་ཡོང་བའི་ཀྲའོ་ཡུང་གིས“རིམས་ནད་ཀྱིས་རྐྱེན་པས་ང་འདི་གར་ལུས་ནས་ཉིན་འགའ་ཕྱིན་སོང་། འདི་གའི་ལས་དོན་མི་སྣས་ང་ཚོ་འགྲུལ་པ་རྣམས་ལ་སེམས་ནུས་ཡོད་རྒུས་ལྟ་རྟོག་བྱེད་པ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད། ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བ་ཀེང་ཤིའུ་མིང་གིས“དམིགས་བསལ་གྱི་དུས་སྐབས་འདིར་འདི་གའི་ལས་དོན་མི་སྣས་ང་ཚོའི་འཚོ་བའི་ཕྱོགས་གང་སར་འགན་ལེན་བྱེད་ཀྱི་འདུག ད་ལྟ་ངའི་ཉིང་སྐྱུར་བརྟག་དཔྱད་ཀྱི་དུས་ཚོད་ཐིམ་འདུག ཉིང་སྐྱུར་བརྟག་དཔྱད་ཀྱི་འབྲས་བུ་གསར་པ་དོན་ན་ང་འགྲོ་ཆོག”ཞེས་བཤད།

    བྱ་སྤྱོད་དེ་དག་ནི་སོག་རྫོང་གི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱི་རིམས་འགོག་དམག་འཐབ་རིང་གི་བསྡུས་རིས་ཙམ་རེད། རིམས་ནད་ཀྱི་གནས་ཚུལ་ཛ་དྲག་པོའི་མདུན་དུ་ཁོང་ཚོས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུས་ནས་མཉམ་དུ་རིམས་འགོག་ལས་དོན་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།