དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་སའི་སྒྲོམ་ཚང་སྨན་ཁང་གཉིས་པ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ལས་བཟོ་བ་1000ལྷག་ཙམ་གྱིས་ཆུ་ཚོད་60ཙམ་རིང་འབད་འཐབ་བྱས་པ་བརྒྱུད། ཚེས་20ཉིན་ལྷ་སའི་སྒྲོམ་ཚང་སྨན་ཁང་གཉིས་པ་སྟེ་སྟོད་ལུང་བདེ་ཆེན་ཆུས་སྒྲོམ་ཚང་སྨན་ཁང་སྤྱོད་འགོ་ཚུགས་པ་རེད། སྒྲོམ་ཚང་སྨན་ཁང་དེར་ལོགས་འཇོག་ཉལ་ཁྲི་1200ལྷག་ཙམ་བཙུགས་ཡོད་པ་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང(ལྗོངས་བོད་སྨན་ཞིབ་འཇུག་ཁང)དང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གིས་རྩིས་བླངས་པ་རེད།

    ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གི་ཁྱོན་སྨན་དོན་མི་སྣ་140ལྷག་ཙམ་སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།