དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་སྤྱི་ཚོགས་ཐོག་གཞི་ཁྱོན་ཆེ་བའི་དུག་སེལ་ལས་འགན་འཁུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཏུ་ཕྱིན་པ་དང་བསྟུན་ནས། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་སྤྱི་ཚོགས་ཐོག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོར་གཞི་ཚུགས་ཏེ་རང་འགུལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞུགས་རྒྱུའི་རེ་ཞུ་ཕུལ་ནས་གྲོང་ཁྱེར་དང་ས་ཁུལ་7གྱི་སྤྱི་ཚོགས་ཐོག་གཞི་ཁྱོན་ཆེ་བའི་དུག་སེལ་ལས་འགན་ཕྱོགས་ཡོངས་ནས་འཁུར་ཡོད་པ་རེད། ཟླ་8ཚེས་16ཉིན་བར། ལྗོངས་ཡོངས་ཀྱི་མེ་ཟོན་རུ་ཁག་གིས་ཁྱོན་རླངས་འཁོར་252དང་མི་ཐེངས་1221བཏང་ནས་ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་རིམས་ནད་དུག་སེལ་ལས་འགན་ནང་ཧུར་ཐག་ཞུགས་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དམག་ཧྲག་སྐོང་འཐེན་གྱིས་གྲོང་ཁྱེར་དང་ས་ཁུལ་7གྱི་རིམས་འགོག་དུག་སེལ་གྱི་ཆེད་ལས་རུ་ཁག་དང་བབ་བསྟུན་ཡན་ལག་རུ་ཁག་10བཙུགས་པ་མ་ཟད། རིམས་ནད་དང་འབྲེལ་བ་ཡོད་པའི་རྫོང་དང་ཆུས་ཚང་མར་རིམས་འགོག་དུག་སེལ་ཡན་ལག་རུ་ཁག་50བཙུགས་ནས་ལྗོངས་ཡོངས་ཀྱི་ཉེན་ཁ་ཆེ་འབྲིང་ཁུལ་དུ་རིམས་ནད་དུག་སེལ་རུ་ཁག་ཡོངས་ཁྱབ་ཐུབ་པར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།