དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“གསར་བརྗེའི་སྲུང་བཅད”བརྟན་པོར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་། སྤྱི་འདོམས་བཀོད་སྒྲིག་བྱེད་པ། ཏང་ཡོན་ལས་བྱེད་པ་སྔོན་འགོག་དང་ཚོད་འཛིན་གྱི་གཡུལ་ས་མདུན་མར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“གསར་བརྗེའི་སྲུང་བཅད”ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད།

    ས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་རང་འགུལ་ངང་ཏང་ཡོན་གདོང་ལེན་རུ་ཁག་དང་། དང་བླངས་ཞབས་ཞུ་རུ་ཁག རིམས་འགོག་སྐོར་གཡེང་རུ་ཁག་སོགས་རུ་ཁག་320ལྷག་ཙམ་སྒྲིག་འཛུགས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱས་པ་རེད། ས་ཁུལ་ཐད་གཏོགས་ཀྱི་ལས་རིགས་ཁག་གི་ཁོངས་གཏོགས་ཀྱིས་རང་མོས་ངང་མི་600ལྷག་ཙམ་ཡོད་པའི་རིམས་འགོག་དང་བླངས་པའི་གྲ་སྒྲིག་རུ་ཁག་བཙུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་ཡོད། གྲོང་ཚོ་ཁག་གི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་གཞི་རིམ་སྟོབས་ཤུགས་ཀྱིས་ལས་གནས་བརྟན་སྲུང་བྱས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་བཙུགས་ནས་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།