དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞབས་འདེགས་ཡག་པོ་ཞུས་ནས་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-22

    ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་རིམས་འགོག་གི་འཐབ་ས་མདུན་མར་ལྡོག་སྐྱོད་བྱས་ཏེ། སྤྱོད་ཚུལ་ནན་པོའི་ཐོག་ནས་དང་བླངས་ཞབས་ཞུའི་ཏང་དར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“འཐབ་ས་མདུན་ཤོས”སུ་བཙུགས་ཡོད།

    “ང་ནི་ཏང་ཞུགས་ཧུར་བརྩོན་ཅན་ཡིན་པས། འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་བ་ཞུ་རྒྱུ་ཡིན”ཟླ་8ཚེས་9ཉིན་མངའ་རིས་སྒྲིག་ཨུད་ལྟ་ཞིབ་ཀྱི་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གཉིས་པའི་ལས་བྱེད་པ་ཕུན་ཚོགས་རྒྱ་མཚོས་འཕྲལ་མར་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད། “ཨ་ཅག་ལགས། ད་ལྟ་ལྟ་ཞིབ་ཀྱི་དུས་མཚམས་ཡིན་པས་ངེས་པར་དུ་ཐུགས་བློ་བདེ་པོ་གནོངས”ལོགས་འཇོག་ས་ཚིགས་སུ་ཕུན་ཚོགས་རྒྱ་མཚོས་ལོགས་འཇོག་མི་སྣར་སེམས་གསོ་གཏོང་བ་དང་ལོགས་འཇོག་སྦགས་བཙོག་དངོས་པོ་གཙང་སེལ་བྱེད་ཞོར་དུ་ཐད་འབྲེལ་པ་དང་བརྒྱུད་འབྲེལ་པའི་མང་ཚོགས་ཞག་སྡོད་ཐོ་འགོད་བྱས་ཏེ། ཉིང་བརྟག་གདགས་གཤིས་ཡིན་པའི་ནད་པ་ལོགས་འཇོག་སྨན་ཁང་དུ་བརྒྱུད་སྐྱེལ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད། གང་དུ་དགོས་མཁོ་ཡོད་ཚེ་དེ་གར་ལས་ལ་བྲེལ་བའི་ཕུན་ཚོགས་རྒྱ་མཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    རིམས་འགོག་གི་འཐབ་ས་དང་པོར་འགན་སེམས་མངོན་ནས་དམངས་ལ་ཞབས་འདེགས་ཞུས་ཏེ་མི་སེམས་ལ་དྲོ་སྐྱིད་སྦྱིན། “སྐུ་ཁམས་བཟང་། ང་ཚོའི་འདི་གར་བགྲེས་སོང་ཞིག་ལ་དོས་དྲག་གི་རྒྱུ་ལྷག་གཉན་ཚད་ཕོག་འདུག མགྱོགས་པོ་སྨན་ཁང་དུ་གཤགས་བཅོས་བྱེད་པར་སྐྱེལ་དགོས་ཀྱི་འདུག”ཅེས་ཟླ་8ཚེས་16ཉིན་གྱི་ཞོགས་པ་སྔ་པོར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་པད་མ་དབང་ཆེན་སྨན་ཁང་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད། མིག་སྔར་བགྲེས་སོང་གི་གཤགས་བཅོས་བདེ་བླག་བྱུང་ནས་གཟུགས་པོ་གསོ་བཞིན་ཡོད།

    ལས་གནས་བརྟན་སྲུང་གིས་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུ་བ། ཉིན་ཤས་གོང་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་གྱི་ལས་འགན་འཁུར་བཞིན་པའི་གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་གཞིས་རྩེ་ཞིང་ལས་མ་འཇོག་ཚོང་དོན་ཚད་ཡོད་ཀུང་སིར་མི་སྣ་ཧ་ཅང་དཀོན་པོ་ཡོད་པ་རེད།

    གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་གྲོང་ཁྱེར་དང་རྫོང་གི་སྐོར་བཤེར་ལས་དོན་སྤྱི་འདོམས་བྱེད་མཁན་གྱི་སྐོར་བཤེར་ལས་བྱེད་པ་6གིས་རང་འགུལ་ངང་ལས་དོན་དེ་བསྒྲུབ་རྒྱུའི་རེ་བ་ཞུས་ནས་དངོས་ཟོག་མངགས་སྐྱེལ་གྱི་དཔུང་ཁག་ནང་ཞུགས་པ་རེད། ཁོང་ཚོས་ཚ་གདུག་ཆེ་བའི་ཉི་འོད་དང་མཚན་གུང་གི་གྲང་རླུང་ལ་མ་འཛེམས་པར་མཛོད་ཁང་ནས་སྡེ་ཁུལ་དབར་དངོས་ཟོག་དབོར་བའི་ལས་ལ་གཞོལ་བཞིན་ཡོད། ཉིན་ཤས་བསྟུད་མར་ཁོང་ཚོས་སྔ་རྗེས་སུ་སྐྱིད་འཕེལ་དང་བཀྲ་ཤིས་སྐྱིད་ཚལ་སོགས་སྡེ་ཁུལ་དྲུག་ཏུ་སྔོ་ཚལ་དང་འོ་མ་སོགས་འཚོ་བའི་དངོས་ཟོག་ཏུན་10ལྷག་ཙམ་མངགས་སྐྱེལ་བྱས་པ་རེད།

    དངོས་ཟོག་རག་པའི་གྲོང་མིས“འགོག་སྲུང་གྱོན་ཆས་གྱོན་ཡོད་པས་ངས་ཁྱེད་རང་ངོ་ཤེས་མ་སོང་། ཡིན་ནའང་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་མིན་པས་བྱ་བ་ཆེ་ཆུང་ཚང་མར་དོ་ཁུར་བྱེད་དགོས། རིམས་ནད་རིང་བོད་ཀྱི་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།