ཟླ་8ཚེས་20ཉིན། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་པར་གཞིགས་ནས། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་ནས་རྟགས་མེད་ནད་དུག་འགོས་པ་494དོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁག་འདིའི་ནད་པ་494ཚང་མ་རྟགས་མེད་ནད་དུག་འགོས་པ་ཤ་སྟག་ཡིན་པ་དང་། བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པའི་གནས་ཚུལ་འོག རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གཏན་འཁེལ་བྱས་པ་བརྒྱུད། ནད་པ་494ཚང་མ་སྒྲོམ་ཚང་སྨན་ཁང་ནས་དོན་ཆོག་པའི་ཚད་གཞི་དང་མཐུན་ཡོད་པ་རེད། ནད་པ་འདི་དག་སྒྲོམ་ཚང་སྨན་ཁང་ནས་དོན་རྗེས་ཉིན་7རིང་ཁྱིམ་དུ་ལོགས་སུ་འཇོག་རྒྱུ་རེད་འདུག