དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྗོངས་ཡོངས་སུ་ཉེན་ཁ་ཆེ་བའི་ཁུལ་418དང་ཉེན་ཁ་འབྲིང་བའི་ཁུལ་232འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-20

    2022ལོའི་ཟླ་8ཚེས་20ཉིན་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། 

    ཟླ་8ཚེས་20ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་2མང་དུ་ཕྱིན་ཡོད། (གཞིས་རྩེ་གྲོང་ཁྱེར་ལ་2) རྟགས་མེད་ནད་དུག་འགོས་པ་219མང་དུ་ཕྱིན་ཡོད།(ལྷ་ས་གྲོང་ཁྱེར་ལ་110དང་། གཞིས་རྩེ་གྲོང་ཁྱེར་ལ་47 ལྷོ་ཁ་གྲོང་ཁྱེར་ལ་21 ཉིང་ཁྲི་གྲོང་ཁྱེར་ལ་16 ནག་ཆུ་གྲོང་ཁྱེར་ལ་4 མངའ་རིས་ས་ཁུལ་ལ་21བཅས་རེད)

    ཟླ་8ཚེས་19ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་418དང་ཉེན་ཁ་འབྲིང་བའི་ཁུལ་232ཡོད་པ་རེད།

     ཟླ་8ཚེས་19ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་པ་22དང་། རྟགས་མེད་ནད་དུག་འགོས་པ་110ལ་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ།(སྒྲོམ་ཚང་སྨན་ཁང་ནས་དོན་པ) འབྲེལ་འདྲིས་དམ་ཟབ་བྱུང་མཁན་390ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར་མི་38524ཡིས་གཅིག་སྡུད་ལོགས་བཀར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།