ཟླ་8ཚེས་20ཉིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་བཞིན་ཡོད་པའི་གཏན་འཁེལ་ནད་དཔེ་5དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཞིང་། དེའི་ནང་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་བཞིན་པའི་རང་ལྗོངས་ཀྱི་ནད་གཞི་ལྕི་བའི་ནད་པ་ཐོག་མ་དེ་ཚུད་ཡོད་པ་རེད།
ནད་པ་འདི་ནི་ད་ལོ་ལོ་67ཡིན་པ་དང་། སྙིང་ནད་དང་། ཁྲག་ཤེད་མཐོ་བ། པགས་ནད་སོགས་རྨང་གཞིའི་ནད་གཞི་ཡོད་པ་རེད། དུས་ཡུན་ཉིན་11རིང་སྨན་བཅོས་ཞིབ་ཚགས་དང་རྒྱལ་ཁབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མཛུབ་ཁྲིད་འོག་ནད་པ་སོ་སོའི་གནས་ཚུལ་ལ་དམིགས་པའི་སྨན་བཅོས་ཇུས་གཞི་བཟོས་པ་མ་ཟད། ད་དུང་ནད་སྐྱོང་ཞིབ་ཚགས་བྱས་པས་དེ་རིང་སྨན་ཁང་ནས་དོན་ཡོད།
སྨན་ཁང་ནས་དོན་རྗེས། ཁོང་ཚོ་མུ་མཐུད་ཁྱིམ་ལོགས་སུ་བཞག་ནས་བརྟག་དཔྱད་བྱེད་རྒྱུ་རེད།