དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རིམས་འགོག་གི་སྨན་གསར་པ་ཤེལ་དམ་5000ལྷ་སར་འབྱོར་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-20

    ཟླ་8ཚེས་19ཉིན། ཧྲང་ཧའེ་ཧྥུའུ་ཤིང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲེན་ཧྲི་ཧྲེང་ཝུའུ་དང་ཧྥུའུ་ཤིང་སྨན་རྫས་དང་མཉམ་དུ་རྒྱབ་སྐྱོར་བྱས་པའི་རིམས་འགོག་གི་སྨན་གསར་པ་ཨ་ཙི་ཧྥུ་ཏིང་རིལ་བུ་ཤེལ་དམ་5000ལྷ་སར་འབྱོར་བ་དེ་དག་རིམས་འགོག་གི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་ཆེ་སར་སྤྱོད་རྒྱུ་རེད།

    《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་བརྟག་བཅོས་ཇུས་གཞི(དཔར་གཞི་དགུ་པ)》གཞིར་བཟུང་། ཨ་ཙི་ཧྥུ་ཏིང་ནི་སྤྱིར་བཏང་གི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད(COVID-19)ཕོག་པའི་ནད་པ་དར་མར་སྨན་བཅོས་བྱེད་པར་སྤྱོད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྨན་རྫས་དེ་དག་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྩིས་བླངས་པ་དང་འབྲེལ། ཚེས་19ཉིན་གནས་གཏན་འཁེལ་གྱི་སྨན་ཁང་ལ་སྤྲོད་འགོ་ཚུགས་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།