དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁ་ས་ཁྱོན་ནད་པ་54སྨན་ཁང་ནས་དོན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-20

    ཁ་ས་ཡང་གཏམ་བཟང་མང་པོ་འདུག མཉམ་དུ་གཟིགས་དང་། 

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ། 

    ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་བཞིན་པའི་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་2དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་གཉིས་ལས་གཅིག་ལོ་1.9དང་གཅིག་ཤོས་ལོ་57ཡིན་ཞིང་། ཁོང་གཉིས་པོར་བར་ཐག་ཆུ་ཚོད་24བཞག་ནས་ཏོག་གསར་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་པ་བརྒྱུད། སྨན་ཁང་ནས་དོན་ཆོག་པའི་ཚད་གཞིར་སླེབས་ཡོད་པ་དང་། རྗེས་སོར་ཁྱིམ་དུ་ལོགས་སུ་འཇོག་རྒྱུ་རེད།

    1.gif

    ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་།  

    ཟླ་8ཚེས་19ཉིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་གི་ཁག་གསུམ་པའི་རྟགས་མེད་ནད་དུག་འགོས་པ་40སྒྲོམ་ཚང་སྨན་ཁང་ནས་དོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་40དེ་དག་ནི་རྟགས་མེད་ནད་དུག་འགོས་པ་ཤ་སྟག་ཡིན་པ་དང་། དེའི་ནང་ལོ་ན་མཐོ་ཤོས་ལོ་53དང་ཆུང་ཤོས་ལོ་4རེད། བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པའི་གནས་ཚུལ་འོག རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྟགས་མེད་ནད་དུག་འགོས་པ་40འདི་དག་སྨན་ཁང་ནས་དོན་ཆོག་པའི་གཏན་འཁེལ་བྱས་ཡོད་པ་རེད། སྒྲོམ་ཚང་སྨན་ཁང་ནས་དོན་རྗེས་ཉིན་བདུན་ཁྱིམ་དུ་ལོགས་སུ་འཇོག་རྒྱུ་རེད།

    2.jpg

    མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་། 

    ཟླ་8ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17དང་སྐར་མ་20ཙམ་ལ། ནན་ཅིང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་པ་བརྒྱུད། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་ཁག་དང་པོའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་6དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད།

    3.png

    ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དྲུག་པོ་དེ་དག་ནི་རྟགས་མེད་ནད་དུག་འགོས་པ་ཤ་སྟག་ཡིན་པ་དང་། དེའི་ནང་ལོ་ན་ཆེ་ཤོས་ལོ་47དང་ཆུང་ཤོས་ལོ་12རེད། སྨན་ཁང་དུ་བསྡད་པའི་ཉིན་དྲུག་པ(ཟླ་8ཚེས་18ཉིན)དང་ཉིན་བདུན་པར(ཟླ་8ཚེས་19ཉིན)  བར་ཐག་ཆུ་ཚོད་24བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པ་མ་ཟད། CTགློག་པར་གྱི་བརྟག་དཔྱད་བྱས་པ་བརྒྱུད། རྒྱུན་གཏན་ལྟར་ཡིན་པའི་གནས་ཚུལ་འོག ནན་ཅིང་གི་རིགས་གཅིག་མཁས་ཅན་གྱིས་རྟགས་མེད་ནད་དུག་འགོས་པ་དྲུག་པོ་དེ་དག་དཔར་གཞི་དགུ་པའི་ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཕྱོགས་སྟོན་གྱི་སྨན་ཁང་ནས་དོན་པའི་ཚད་གཞི་དང་མཐུན་པའི་གཏན་འཁེལ་བྱས་པ་རེད། ཁོང་ཚོ་དེ་མཚུངས་ཀྱི་གནས་གཏན་འཁེལ་གྱི་མགྲོན་ཁང་དུ་བསྐྱལ་ནས་མུ་མཐུད་ཉིན་བདུན་རིང་བདེ་ཐང་གི་བརྟག་དཔྱད་བྱེད་རྒྱུ་དང་། རྗེས་སོར་དམིགས་བསལ་གྱི་གནས་ཚུལ་མེད་ཚེ་ཁྱིམ་དུ་ལོག་ཆོག་གི་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་ཁང་། 

    ཁ་ས་ཕྱི་དྲོ། ཉིང་ཁྲི་གྲོང་ཁྱེར་གྱི་ཁག་དང་པོའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་6དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད། 

    ད་ཐེངས་སྨན་ཁང་ནས་དོན་པའི་ནད་པ་དྲུག་གི་ཁྲོད་དུ། སྤྱིར་བཏང་གི་ནད་པ་1དང་། ནད་གཞི་ཅུང་ཡང་བའི་ནད་པ་4 རྟགས་མེད་ནད་དུག་འགོས་པ་1བཅས་ཡིན་ཞིང་། ལོ་ན་ཆེ་ཤོས་ལོ་52དང་ཆུ་ཤོས་ལོ་14ཡིན་པ་རེད། 

    ཁོང་ཚོ་དེ་མཚུངས་ཀྱི་གནས་གཏན་འཁེལ་གྱི་ལོགས་འཇོག་གསོལ་མགྲོན་ཁང་དུ་བསྐྱལ་ནས་མུ་མཐུད་གསོ་རིག་གི་ལོགས་འཇོག་བརྟག་དཔྱད་བྱེད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།