དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ནག་ཆུ་གྲོང་ཨུད་རྩ་འཛུགས་པུས་ཏང་དངུལ་སྒོར་ཁྲི་85འཕྲལ་དུ་གཏོང་སྤྲོད་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-20

     ཉིན་ཤས་གོང་། ནག་ཆུ་གྲོང་ཨུད་རྩ་འཛུགས་པུས་བརྡ་ཐོ་བཀྲམ་སྟེ་ཏང་དངུལ་སྒོར་ཁྲི་85(རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་ཏང་དངུལ་སྒོར་ཁྲི་50དང་གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་ཏང་དངུལ་སྒོར་ཁྲི་35)ཛ་དྲག་ངང་སྤྲད་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་ཐད་ཆེད་མངགས་སྤྱོད་རྒྱུ་རེད།

    ནག་ཆུ་གྲོང་ཨུད་རྩ་འཛུགས་པུས་བླང་བྱ་བཏོན་དོན། ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིམ་པ་དེས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་ལྷན་སྦྱར་མ་དངུལ་དོན་འཁྱོལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་དུས་ཐོག་ཏུ་སྤྲད་དེ། གཙོ་བོ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་སྨན་དོན་མི་སྣ་དང་། ཏང་ཡོན། ལས་བྱེད་པ་བཅས་ལ་འཚམས་འདྲི་བྱེད་པར་སྤྱོད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། དེའི་ནང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་སྨན་རྫས་དང་དངོས་རྫས་སོགས་ཉོ་སྒྲུབ་བྱ་རྒྱུ་ཚུད་ཡོད། དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དངུལ་ཆེད་སྤྱོད་བྱས་ཏེ་མ་དངུལ་དག་དགོས་གཏུག་ཆེ་ཤོས་དང་དགོས་མཁོ་ཆེ་ཤོས་ཀྱི་སར་སྤྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།