དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉིང་ཁྲི་གྲོང་ཁྱེར་གྱིས་ཁག་དང་པོར་གཏན་འཁེལ་བྱས་པའི་ཉེན་ཁ་ཆེ་བའི་ཁུལ་གཅིག་དངོས་སུ་བཀག་སྡོམ་བྱེད་མཚམས་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-20

    ཚེས་18ཉིན་གྱི་སྔ་དྲོ། ཉིང་ཁྲི་གྲོང་ཁྱེར་གྱི་ཁག་དང་པོར་གཏན་འཁེལ་བྱས་པའི་ཉེན་ཁ་ཆེ་བའི་ཁུལ་གྱི་གྲས་ཤིག་སྟེ། ཉིང་ཁྲི་གྲོང་ཁྱེར་མིང་རེན་གསོལ་མགྲོན་ཁང་དངོས་སུ་བཀག་སྡོམ་བྱེད་མཚམས་བཞག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་དུ་རིམས་ནད་ཐོན་ཚུན་གསོལ་མགྲོན་ཁང་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་དངོས་སུ་བཀག་སྡོམ་བྱེད་མཚམས་བཞག་པའི་ཉེན་ཁ་ཆེ་བའི་ཁུལ་དང་པོ་དེ་ཡིན། གསོལ་མགྲོན་ཁང་གིས“7+3”གྱི་སྨན་བཅོས་བདེ་ཐང་གི་ལྟ་ཞིབ་ཚད་ལེན་བྱས་ཟིན་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་གྱི་ཚོད་སྐོར་ཚད་ལོན་རྗེས་བཀག་སྡོམ་བྱེད་མཚམས་བཞག་ན་འགྲིག་པའི་ཆ་རྐྱེན་འཛོམས་ཡོད་པ་རེད། དེ་ཉིན་བཀག་སྡོམ་བྱེད་མཚམས་བཞག་པའི་མི་27དེ་དག་ཚང་མ་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་ཡིན་པ་རེད། གོམ་སྟབས་རྗེས་མར་ད་དུང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་130དང་དེ་བཞིན་ལས་མི་115རིམ་པས་བཀག་སྡོམ་བྱེད་མཚམས་བཞག་སྟེ་ཕྱིར་ལོག་གཏོང་རྒྱུ་རེད། འབྲེལ་ཡོད་ལས་དོན་མི་སྣས་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་དོན་དངོས་ལ་གཞིགས་ཏེ། གཅིག་གཏད་གཅིག་གི་སྒོ་ནས་བཀག་སྡོམ་བྱས་པའི་མི་སྣ་ཚང་མ་གནམ་ཐང་སོགས་སུ་སྐྱེལ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ལྟར། པར་ཐེངས་དགུ་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི་བླང་བྱར་ནན་པོ་གཞིགས་ཏེ་ཚན་རིག་དང་མཐུན་པའི་ངང་ཁུལ་ཁོངས་དབྱེ་བ་དང་གནད་སྨིན་ནུས་ཆེའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ཆ་རྐྱེན་འཛོམས་པའི་ཁུལ་ཁོངས་ཀྱི་རིམ་པ་གཅོག་པ་དང་བཀག་སྡོམ་བྱེད་མཚམས་འཇོག་པའི་ལས་དོན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།