དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྨན་དང་ཅ་ལག་ཉོ་དགོས་ཚེ། ཁོང་རྣམ་པས་སྒོ་རྩར་སྐྱེལ་གྱི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-18

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། མང་ཚོགས་ཀྱི་སྨན་ཉོ་བའི་དགོས་མཁོ་སྐོང་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་རྫས་ཚོང་ཁང་13གྱི་མིང་ཁྱབ་བསྒྲགས་བྱས་འདུག གྲོང་མིས་སྨན་ཉོ་དགོས་ཚེ། ཁོངས་གཏོགས་ས་ཆའི་སྨན་རྫས་ཚོང་ཁང་ལ་འབྲེལ་བ་གནང་ནས་མངགས་ཆོག་གི་འདུག 

    微信图片_20220818162236.png

    ཅ་དངོས་ཐོགས་མེད་དང་བདེ་འཇགས་ཀྱི་སྒོ་ནས་སྐྱེལ་ཐུབ་པ་བྱ་ཆེད། བོད་ལྗོངས་སྦྲག་སྲིད་ཀྱིས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སིའི་ལས་དོན་མི་སྣ་26མགྱོགས་མྱུར་ངང་ལེགས་འདེམས་སྒྲིག་འཛུགས་བྱས་ནས། ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ལ་སྨན་རྫས་གནད་སྨིན་ངང་སྐྱེལ་བཞིན་འདུག གལ་སྲིད་གྲོང་ཁྱེར་དང་ས་ཁུལ་གཞན་ལ་སྨན་རྫས་སྐྱེལ་དགོས་ཚེ། བོད་ལྗོངས་སྦྲག་སྲིད་ཀྱིས་ཀྱང་མི་སྣ་སྒོ་རྩར་སྨན་རྫས་ལེན་པར་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་ས་ཁུལ་གཞན་དག་ལ་བསྐུར་རྒྱུ་རེད།

    གལ་ཏེ་སྨན་རྫས་སྐྱེལ་བའི་དགོས་པ་ཡོད་ཚེ་གཤམ་གྱི་ལས་དོན་མི་སྣར་འབྲེལ་བ་གནང་དང་།

    2.jpg

    རིམས་ནད་མཆེད་པའི་ཉེན་ཁ་ནན་འགོག་བྱ་ཆེད། ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཐེངས་3བརྒྱབ་པའི་མི་སྣ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། དུས་བཀག་ལྟར་ཉིང་སྐྱུར་བརྟག་དཔྱད་བྱས་ཡོད། དངོས་ཟོག་སྐྱེལ་སྐབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་འགོག་སྲུང་གི་བྱ་ཐབས་ཡག་པོ་སྤྱོད་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མི་རྣམས་ཐུགས་ཁྲལ་གནང་དགོས་མི་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།