ཟླ་8ཚེས་17ཉིན་གྱི་ཕྱི་དྲོའི་ཆུ་ཚོད་7པ་ཡོལ་ཙམ་ལ། རྟགས་མེད་ནད་དུག་འགོས་པའི་ནད་པ་4ལ་ལོགས་སུ་བཀར་ནས་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་སྟེ། གཞིས་རྩེ་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་ནས་དོན་ཡོད་པ་རེད། དུས་མཚུངས་གཞིས་རྩེ་ཏོག་གསར་གློ་ཚད་སྐྱོབ་བཅོས་རྟེན་གཞིའི་རྟགས་མེད་ནད་དུག་འགོས་པའི་ནད་པ་3དེའི་གོང་ཙམ་ལ་སྨན་ཁང་ནས་དོན་ཡོད་པ་རེད། ནད་གཞི་དྲག་སྐྱེད་བྱུང་བའི་ནད་པ་བདུན་གྱི་ཁྲོད་དུ་བྱིས་པ་གཉིས་དང་དར་མ་ལྔ་ཡོད་ཅིང་། དེ་ནི་གཞིས་རྩེ་གྲོང་ཁྱེར་དུ་ཐོན་པའི་རེས་སྐོར་འདིའི་རིམས་ནད་ཀྱི་སྒྲོམ་ཚང་སྨན་ཁང་དང་སྨན་ཁང་ནས་དོན་པའི་ཏོག་གསར་ནད་དུག་ཕོག་པའི་ནད་པ་ཁག་དང་པོ་དེ་ཡིན་པ་རེད། རྗེས་སོར། ཁོང་ཚོར་ཉིན་བདུན་གྱི་བདེ་ཐང་བརྟག་དཔྱད་བྱེད་རྒྱུ་རེད།
སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་མཉམ་འཛོམས་སྨན་བཅོས་བྱས་པ་བརྒྱུད། རྟགས་མེད་ནད་དུག་འགོས་པའི་མི་བདུན་པོར་ཆུ་ཚོད་24བར་ཐག་བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་དང་། སྨན་ཁང་ནས་དོན་པའི་ཚད་གཞིར་སླེབས་པས། ཟླ་8ཚེས་17ཉིན་གྱི་ཕྱི་དྲོ་སྨན་ཁང་ནས་དོན་ཡོད་པ་རེད།