དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་མཐོ་སློབ་ཀྱི་རིམས་ནད་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-15

    ཚེས་12ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱིས་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་མཐོ་སློབ་ཀྱི་རིམས་ནད་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་མཐོ་སློབ་7གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་ཉན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྣམ་པར་ངོས་འཛིན་གཏིང་ཟབ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ། འཕྲལ་སྡོམ་སྔོན་ཇུས་ལག་བསྟར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལྗོངས་ཕྱིའི་མཐོ་སློབ་ཀྱི་ཉམས་མྱོང་བསྡུ་ལེན། ཕྱིར་བསྐྱོད་པ་དང་ནང་དུ་འོང་བའི་ལམ་ལུགས་ནན་དུ་གཏོང་བ་བཅས་བྱེད་དགོས་པ་དང་འབྲེལ། རིམས་འགོག་དང་འཚོ་བའི་དངོས་ཟོག་འདང་ངེས་ཡོད་པའི་འགན་ལེན་བྱས་ནས་སློབ་མར་ཞབས་འདེགས་ཡག་པོ་ཞུ་དགོས། འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲི་ཞིབ་ཚགས་སུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལྷུ་ཚིགས་ཚང་མར་དོན་འཁྱོལ་བྱས་ནས། སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་ཆབ་མདོ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གྱི་སློབ་གསོ་ཅུས་དང་བརྙན་ལམ་ནས་འབྲེལ་མཐུད་བྱས་ཏེ་གྲོང་ཁྱེར་གཉིས་ཀྱི་སློབ་འགོ་ཚུགས་པའི་སློབ་གྲྭ་འབྲིང་ཆུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དོན་འཁྱོལ་བྱེད་ཚུལ་གྱི་སྙན་ཞུ་གསན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།