དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངའ་རིས་ས་ཁུལ་གྱིས་ཛ་དྲག་གི་དྲན་སྐུལ་ཞིག་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-14

    མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཛ་དྲག་གི་དྲན་སྐུལ་བྱས་དོན། 

    རིམས་ནད་འགོ་བ་དང་མཆེད་པའི་ཉེན་ཁར་འགོག་ཟོན་དང་མགྱོགས་མྱུར་བཀག་འགོག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲལ་བཤེར་དགོས་མཁོ་གཞིར་བཟུང་། ཟླ་8ཚེས་1ཉིན་ནས་བཟུང་སྤུ་ཧྲེང་རྫོང་བར་ག་ཤང་དུ་འགྲོ་མྱོང་མཁན་དང་། ཟླ་8ཚེས་6ཉིན་ནས་བཟུང་སྤུ་ཧྲེང་རྫོང་གི་གསེར་ར་ལུང་དགོན་དང་། ཁྲུས་སྒོ་དགོན། ཅིང་ཧྭ་མགྲོན་ཁང་། ཞའོ་ཅུན་ཀན་ཕྲེང་བརྒྱུས་རྒྱ་ཁོག་ཟ་ཁང་། འཁོར་ཆགས་དགོན། སྤུ་ཧྲེང་རྫོང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར། བྱིའུ་དགོན་བཅས་སུ་འགྲོ་མྱོང་ཡོད་མཁན། ཟླ་8ཚེས་8ཉིན་ནས་བཟུང་སྒར་རྫོང་མོན་འཚེར་ཤང་པྲེ་ཏ་པུ་རི་དགོན་སོགས་གཙོ་གནད་ས་ཁོངས་དང་སེང་གེ་ཁ་འབབ་གྲོང་རྡལ་གྱི་སེམས་སྐྱིད་འཐུང་བྱ་ཁང་དང་གྲོགས་མོའི་འཐུང་བྱ་ཁང(སྒར་རྫོང་མི་རིགས་སྲང་ལམ་དང་རིག་གནས་ལམ་མདོའི་འབྲེལ་མཚམས་ཀྱི་ཤར་ལྷོའི་སྨི་160ཡི་སར)གཙང་འགྲམ་བྱང་ལམ་ལིན་ཤིན་སྒོ་རྩིས་ཚོང་ཁང་། སྐལ་བཟང་ལམ་ཧུའེ་ཧྥེང་སྔོ་ཚལ་ཤིང་འབྲས་ཚོང་ཁང་། མགྲོན་བསུའི་ལམ་ཆེན་ཀླུ་ཆོས་ཇ་ཁང་། སྐལ་བཟང་ལམ་གྱི་ཇ་ཁུག་ཇ་ཁང་། རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྡོད་ཁུལ་བཞི་པའི་དགའ་སྐྱིད་སྲང་ལམ་སོགས་ཉེན་ཁ་འབྲིང་བའི་ས་ཁོངས་སུ་འགྲོ་མྱོང་མཁན་བཅས་ཡོད་ཚེ། འཕྲལ་མར་གཏོགས་ཁོངས་ཀྱི་རིམས་འགོག་སྡེ་ཚན་དང་། རང་གནས་སའི་ཚན་པ། གྲོང་ཚོ(གྲོང་ལྷན)སྡེ་ཁུལ། མགྲོན་ཁང་བཅས་ལ་རང་འགུལ་ངང་ཐོ་འགོད་སྙན་སེང་ཞུ་དགོས་པ་མ་ཟད། གཏོགས་ཁོངས་ཀྱི་རིམས་འགོག་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་གིས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་དང་། རང་འགུལ་གྱིས་ཁྱིམ་མམ་སྡོད་གནས་སུ་ཉིན་གསུམ་གྱི་བདེ་ཐང་བརྟག་དཔྱད་བྱེད་དགོས། དེའི་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས(བར་དུ་ཆུ་ཚོད་24འཇོག་དགོས)བྱེད་དགོས། གལ་ཏེ་ཚ་བ་རྒྱས་པ་དང་། གློ་རྒྱག་པ། ཐང་ཆད་པ། མིད་པ་ན་བ། སྣ་ཚོར་དང་ལྕེ་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་ཤོར་བ། མིག་སྐྱིའི་གཉན་ཚད་རྒྱས་པ། ཤ་གནད་ན་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ། འཕྲལ་མར་ཉེ་འགྲམ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས། སྨན་བཅོས་དང་ཉིང་སྐྱུར་བརྟག་དཔྱད་བྱེད་པར་སྐྱོད་སྐབས་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པ་དང་། ཁ་རས་ཚད་ལྡན་རྒྱག་དགོས་པའི་ཁར་སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་ནང་སྡོད་མི་རུང་ལ་འདུ་འཛོམས་ཀྱང་བྱེད་མི་རུང་།  

    མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2890750 

    སྒར་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2821550 

    རུ་ཐོག་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2641665 

    རྩ་མདའ་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2622477 

    སྤུ་ཧྲེང་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2601880 

    དགེ་རྒྱས་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2633988 

    སྒེར་རྩེ་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2653382 

    མཚོ་ཆེན་རྫོང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་གཞུང་དོན་ཁང་གི་ཁ་པར་ཨང་གྲངས། 0897-2618677 

    བློ་འདྲིའི་ཁ་པར་ཨང་གྲངས། ཀྲོའུ་ཝུན་ཡུང་། 18908975757 

    ཧོ་ཏུང་ཏུང་། 17708970744 

    མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།

    2022ལོའི་ཟླ་8ཚེས་13ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།