ལས་ཞུགས་ཐབས་ལམ་སྔར་བས་རྒྱ་སྐྱེད་དང་། མང་ཚོགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱ་ཆེད། ཉེ་ཆར། བོད་ལྗོངས་བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས་བུ་ཆུ་ཤང་མི་དམངས་སྲིད་གཞུང་དང་རྡོ་སྟེང་གྲོང་ཚོ་དང་མཉམ་འབྲེལ་ཐོག་ཀྲུང་ལུགས་གཡོས་སྦྱོར་པའི་དམའ་རིམ་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་མང་པོ་ཡོད་པ་རེད། གསོ་སྦྱོང་སློབ་སྦྱོང་གི་འབྲས་བུར་ཞིབ་དཔྱད་བྱ་ཆེད། ས་གནས་ས་ཐོག་ཏུ་ཡིག་རྒྱུགས་བཏང་ནས་ཞིམ་ཟས་ཀྱི་མདོག་དྲི་རོ་གསུམ་དང་། དེ་བཞིན་འཕྲོད་བསྟེན་སོགས་ཀྱི་ཐད་ནས་སློབ་མར་གདེང་འཇོག་ཞིབ་དཔྱད་བྱས་པ་རེད། སློབ་མ་ཚོས་ཚོགས་ཆུང་ཁག་བགོས་ཀྱིས་རང་སོ་སོའི་ཡིག་རྒྱུགས་ཀྱི་ཚལ་རིགས་ལེགས་སྒྲུབ་བྱས་པ་དང་། དཔྱད་འདེམས་ཨུ་ལྷན་གྱིས་སློབ་མ་ཚོས་བཟོས་པའི་ཞིམ་ཟས་ལ་ས་གནས་ས་ཐོག་ཏུ་དཔྱད་བརྗོད་བྱས་པ་རེད། མཐར་གསོ་སྦྱོང་ལ་ཞུགས་མཁན་50ལྷག་ཙམ་ཁྲོད་ནས་ཕུལ་བྱུང་སློབ་མ་10ལ་གསལ་འབྱེད་དཔྱད་ཞིབ་ཀྱི་གཟི་བརྗིད་མཚན་སྙན་ལག་ཁྱེར་ཐོབ་ཡོད་པ་རེད།