དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-11

     ཚེས་9ཉིན་གྱི་ཆུ་ཚོད་11ཙམ་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོག་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་མིག་སྔའི་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་ལས་ཀའི་འཕེལ་རིམ་གསར་ཤོས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། གཞི་ཁྱོན་ཆེ་བའི་ཨོ་སྨི་ཁེ་རུང་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་རིམ་པའི་གསར་འགྱུར་མགྲིན་ཚབ་པ་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧྲོའུ་པིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ལྗོངས་ཚོང་དོན་ཐིང་གི་གསར་འགྱུར་མགྲིན་ཚབ་པ་དང་། ཏང་ཙུའི་ཁོངས་མི། ཐིང་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོའུ་ཨན་གྱིས་རང་ལྗོངས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་བྱས་ཚུལ་ངོ་སྤྲོད་བྱས་པ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་བདེ་སྐྱིད་སྒྲོལ་དཀར་གྱིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

    གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རིམས་ནད་མཆེད་པའི་ཉེན་ཁ་གང་མགྱོགས་སེལ་ཆེད། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འཕྲལ་དུ་སྤྱི་བདེ་དང་། དཔལ་འབྱོར་ཆ་འཕྲིན།

    ནད་ཡམས་ཚོད་འཛིན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་རིམས་དཔྱད་ཚོགས་ཆུང་བཙུགས་ཏེ་གཏན་འཁེལ་ནད་དཔེ་དང་ནད་རྟགས་མེད་པའི་འགོས་ཁྱབ་ནད་དཔེར་རིམས་ནད་རིག་པའི་བརྟག་དཔྱད་ཁུངས་འདེད་དང་འགྲོ་སྐྱོད་བྱེད་ཤུལ་ལ་ཞིབ་བསྡུར་བྱས་ཤིང་། ཟླ་8ཚེས་8ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་གཏན་འཁེལ་ནད་དཔེ་2ཡོད་པ་ཚང་མ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཡོད་པ་དང་། ནད་རྟགས་མེད་པའི་འགོས་ཁྱབ་ནད་དཔེ་20ཡོད་པའི་ནང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ནད་དཔེ་16དང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ནད་དཔེ་4ཡོད། “གཅིག་སྡུད་བཞིའི”རྩ་དོན་གཞིར་བཟུང་། གཏན་འཁེལ་ནད་དཔེ་ཚང་མ་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་དང་། ནད་རྟགས་མེད་པའི་འགོས་ཁྱབ་ནད་དཔེ་སྒྲོམ་ཚང་སྨན་ཁང་དུ་ལོགས་འཇོག་ལྟ་ཞིབ་བྱེད་པར་བསྐྱལ་ཡོད་པ་རེད། མིག་སྔར་གཏན་འཁེལ་ནད་དཔེ་གཉིས་ཀྱི་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་ཉེན་ཁ་ཆེ་བའི་ཁུལ་1དང། ཉེན་ཁ་འབྲིང་ཁུལ་22ཕྱེ་ཡོད་པ་རེད། དབྱེ་མཚམས་ཕྱེ་བའི་ཉེན་ཁ་ཆེ་འབྲིང་ཁུལ་ལ་རིགས་དབྱེ་རིམ་དབྱེའི་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་པ་དང་། ཉེན་ཁ་ཆེ་བའི་ཁུལ་དུ“ཁྱིམ་ནས་མི་དོན་པ་དང་སྒོ་རྩར་ཞབས་འདེགས་ཞུ་བའི”བྱ་ཐབས་ལག་ལེན་བསྟར་བ། ཉེན་ཁ་འབྲིང་ཁུལ་དུ“སྡེ་ཁུལ་ནས་མི་དོན་པ་དང་འཚང་གཡོལ་གྱིས་དངོས་པོ་ལེན་པའི་བྱ་ཐབས”ལག་བསྟར་བྱས་ཡོད་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱ་ཆེའི་གྲོང་མིར་དྲན་སྐུལ་བྱས་དོན། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་ཐག་ཉེ་སར་ཉིན་3ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་བྱེད་དགོས་པ་དང་། བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོས་རྒྱབ་སྐྱོར་དང་བསམ་ཤེས་དང་། རང་འགུལ་ངང་གཞོགས་འདེགས་བྱས་ནས། ཚ་བ་བརྟག་དཔྱད་དང་། ཨང་རྟགས་བཤེར་བ། ཁ་རས་ཡག་པོ་རྒྱག་པ། བར་ཐག་སྨི་གཅིག་འཇོག་པ་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་ཡིད་ཆེས་བརྟན་པོ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དུས་ངལ་མཉམ་སེལ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    མཇུག་ཏུ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུལ་ཆུང་གི་གྲོང་མིའི་གཞི་རྩའི་འཚོ་བའི་དགོས་མཁོ་དང་ལྗོངས་ཡོངས་ཀྱི་གྲོང་མིའི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ཇི་ལྟར་བྱེད་པའི་སྐོར་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། མིག་སྔའི་བར། ཉིན་རེའི་ལྟ་ཞིབ་གནས་ཚུལ་ལ་གཞིགས་ན། གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱིས་ཉིན་ལྟར་ཤ་རིགས་ཏུན་460དང་། སྒོ་ངའི་རིགས་ཏུན་15 ཤིང་འབྲས་ཏུན་120 སྔོ་ཚལ་ཏུན་300བཅས་ཉོ་འཐེན་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད་པ་རེད།

    མང་ཚོགས་ཀྱི་འཚོ་བའི་ངེས་མཁོའི་དངོས་རྫས་མཁོ་སྤྲོད་འགན་ལེན་བྱ་ཆེད། ད་དུང་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས“ཐོགས་མེད་བགྲོད་ལམ”བཏོད་ནས་གཙོ་གནད་ཐོག་བྱ་ཐབས་བཞི་སྤྱད་དེ་སྡེབ་སྐྱེལ་བྱེད་པ་སྟེ། གཅིག་ནས་ལག་ཐོགས་ཁ་པར་གྱི་བྱ་རིམ་ཆུང་ངུ་སྤྱད་དེ་མངགས་ཉོ་བྱེད་པ་དང་། གཉིས་ནས་སྐད་འཕྲིན་ཚོགས་པ་སྤྱད་དེ་མངགས་ཉོ་བྱེད་པ། གསུམ་ནས་དྲ་ཐོག་ནས་ཅ་དངོས་ཉོ་མི་ཤེས་པའི་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས་ཁ་པར་ཐོག་ནས་མངགས་ཉོ་བྱེད་པ་དང་། གཤམ་སྐྱོད་ལས་བྱེད་པ་དང་། སྡེ་ལས་དོ་དམ་པ། སྡེ་ཁུལ་གྱི་ལས་དོན་མི་སྣ། དང་བླངས་པ་བཅས་ཀྱིས་སྒོ་རྩར་བསྐྱོད་དེ་དགོས་མཁོ་འདྲི་བ་དང་། མངགས་ཉོ་བྱེད་རོགས་དང་སྒོ་རྩར་སྐྱེལ་རོགས་བྱས་ནས་འཚོ་བའི་དངོས་ཟོག་སྡེབ་སྐྱེལ་གྱི་མཐའ་མའི་ལས་ཀ་ཧུར་ཐག་སྒྲུབ་པ། བཞི་ནས་ཚོང་ཟོག་སྡེ་ཁུལ་དུ་བཙོངས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཁག་གཅིག་གིས་འཚོ་བའི་དངོས་ཟོག་ཐད་གཏོང་རླངས་འཁོར་བཀོད་སྒྲིག་བྱས་ནས་སྔོ་ཚལ་དང་། ཤ་རིགས། འབྲས། གྲོ་ཞིབ། སྣུམ། དཀར་ཆུའི་ཐོན་རྫས་སོགས་ཀྱི་དངོས་ཟོག་སྡེ་ཁུལ་ཁག་གཅིག་ལ་སྐྱེལ་སྤྲོད་བྱས་ནས་ཕྱིར་ཚོང་བྱས་ཏེ་འཚོ་བའི་ངེས་མཁོའི་དངོས་རྫས་མཁོ་སྤྲོད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།