དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉིང་སྐྱུར་བརྟག་དཔྱད་བྱེད་ས་545བར་མང་དུ་བཏང་བ་དང་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-11

    c2fd97d8-716f-44cb-9380-f051dbd02645.jpg.jpg

     འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་དུག་སེལ་བྱེད་བཞིན་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2022ལོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། ཁྲེང་ཀོན་ཆུས་སྲིད་གཞུང་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རེས་སྐོར་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། 2022ལོའི་ཟླ་8ཚེས་7ཉིན། ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་རིང་། ཐོག་མའི་དབྱེ་བཤེར་བྱས་འབྲས་གདགས་གཤིས་ཡིན་པའི་མི་18ཤེས་རྟོགས་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད། དེ་དག་ཚང་མ་ཨའོ་མེ་ཁེ་རུང་གི་རྒྱུད་འགྱུར་དུག་སྲིན་ཡིན་པ་རེད། དེའི་ཁྲོད་ཀྱི་དབྱེ་བཤེར་ཐོག་མ་བྱས་པའི་ནད་པ་དང་པོ་བསྟན་ཆེ་གེ་མོ། བུ་མོ། ལོ་3 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཡུལ་མི་ཡིན་པ། ཨ་མ་དང་རྨོ་བོ་ལགས་དང་མཉམ་དུ་ཟླ་8ཚེས་4ཉིན་མེ་འཁོར་ཐེངས་གྲངས་C924བསྡད་དེ་གཞིས་རྩེ་ནས་ལྷ་སར་ཡོང་བ་དང་། འབྲེལ་བ་ཡོད་པའི་མི་སྣ་གཞན་དག་བདུན་སྔ་རྗེས་སུ་མེ་འཁོར་ཐེངས་གྲངས་C924དང་C894བསྡད་དེ་གཞིས་རྩེ་ནས་ལྷ་སར་སྤུན་མཆེད་ཀྱི་བདུན་ཚིགས་ལ་ཡོང་སྟེ། ལྷ་སའི་འབྲེལ་བ་ཡོད་པའི་མི་སྣ་གཞན་དག་8དང་མཉམ་དུ་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་རྔ་ཆེན་ལམ་གྱི་རང་སྐྲུན་ཁང་པར་བསྡད་ཡོད། མི་སྣ་གཅིག་སྡུད་ཆེ་བའི་དབང་གིས་རིམས་ནད་མཆེད་པ་རེད། ཟླ་8ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་40ཙམ་ལ་བསྟན་ཆེ་གེ་མོ་མིད་པ་ན་བ་དང་ཚ་བ་རྒྱས་རྐྱེན་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་པ་བྱས་པ་བརྒྱུད། བརྟག་དཔྱད་བྱས་འབྲས་གཉིས་ཀ་གདགས་གཤིས་ཡིན་པ་རེད། བསྟན་ཆེ་གེ་མོ་དང་ཁོང་གི་ཨ་མ་འཕྲལ་དུ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་པར་བསྐྱལ་བ་དང་། དེ་མིན་གྱི་འབྲེལ་བ་ཡོད་པའི་མི་ཚང་མ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྒྲོམ་ཚང་སྨན་ཁང་དུ་བསྐྱལ་བ་རེད། མིག་སྔར་འབྲེལ་ཡོད་མི་སྣའི་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་དང་གཟུགས་པོ་མི་བདེ་བ་སོགས་མངོན་གསལ་དོད་པའི་ནད་རྟགས་གང་ཡང་ཐོན་མེད་ལ། ནད་པའི་སེམས་ཁམས་ཡང་ཡག་པོ་ཡོད་པ་རེད།

    རིམས་ནད་ཐོན་རྗེས། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་གནས་བབ་ཨང་དང་པོར་བཞག་ནས་ནད་ཡམས་རིག་པའི་བརྟག་དཔྱད་དང་ཉེན་ཡོད་མི་སྣར་གྲལ་བཤེར་སོགས་ཀྱི་ལས་དོན་གང་མགྱོགས་སྤེལ་ཏེ་ལོགས་འཇོག་བྱེད་སའི་གསོལ་མགྲོན་ཁང་7ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། བསྟན་ཆེ་གེ་མོའི་ཁྱིམ་དུ་བདུན་ཚིགས་ལ་ཡོང་བའི་གཉེན་ཉེ་119གྲལ་བཤེར་ཐུབ་ནས་མགྲོན་ཁང་དུ་ལོགས་འཇོག་བྱས་པ་དང་། བསྟན་ཆེ་གེ་མོ་དང་མཉམ་དུ་མེ་འཁོར་ཐེངས་གྲངས་C924བསྡད་ནས་ལྷ་སར་ཡོང་མཁན་འབྲེལ་འདྲིས་དམ་ཟབ་བྱུང་བའི་མི་90དང་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་མི་54མགྲོན་ཁང་དུ་ལོགས་འཇོག་བྱས་པ། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་གཞན་དག་ལ་སྐོར་བསྐྱོད་བྱས་པའི་མི་23དང་ལྗོངས་ཕྱིའི་མི་7ལ་འབྱོར་ཡུལ་དུ་མཉམ་དུ་ཞིབ་བཤེར་བྱས་ཡོད། གཞན་ཡང་འབྲེལ་བ་ཆད་པའི་མི་6ཡོད་པ་རེད། མིག་སྔར་བསྟན་ཆེ་གེ་མོ་སོགས་མི་18གདགས་གཤིས་མ་དཔེ་འཚོལ་བསྡུ་ཐོག་མ་མ་བྱས་གོང་གི་ཉིན་བདུན་ནང་ཚུན་དུ་གང་དུ་ཕྱིན་མིན་ཤེས་རྟོགས་བྱུང་ཞིང་། 《ཏོག་གསར་གློ་ཚད་ནད་དུག་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི(པར་གཞི་དགུ་པ)》བླང་བྱ་གཞིར་བཟུང་། ཉེན་ཁ་ཆེ་བའི་ཁུལ་1དང་ཉེན་ཁ་འབྲིང་བའི་ཁུལ་15དབྱེ་འབྱེད་གཏན་འཁེལ་ཁ་གསལ་བྱས་ཏེ་གནད་སྨིན་སྔོན་འགོག་དང་ཚོད་འཛིན་མཐའ་འཁྱོངས་ཀྱིས“སྔ་ཙམ་ནས་སྔོན་འགོག་དང་། སྔ་ཙམ་ནས་ཤེས་རྟོགས། སྔ་ཙམ་ནས་གོང་ཞུ། སྔ་ཙམ་ནས་ལོགས་འཇོག སྔ་ཙམ་ནས་སྨན་བཅོས”བཅས་ཀྱི་བྱ་ཐབས་དོན་འཁྱོལ་དང་མི་དང་། དངོས་པོ། ཁོར་ཡུག་བཅས་མཉམ་དུ་སྔོན་འགོག་མཐའ་འཁྱོངས། གཙོ་གནད་དུས་མཚམས་དང་། གཙོ་གནད་ས་ཁུལ། གཙོ་གནད་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་འགོས་སྟངས་ཏན་ཏིག་གཅོད་པ་དང་རིམས་ནད་འགོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་པ་རེད།

    ཟླ་8ཚེས་8ཉིན་གྱི་དགོང་མོ། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་ཨང་8པ་སྤེལ་ནས་གྲོང་ཁྱེར་ཡོངས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་ས་305བཙུགས་པའི་རྨང་གཞིའི་ཐོག་ཉིང་སྐྱུར་བརྟག་དཔྱད་བྱེད་ས་545བར་མང་དུ་བཏང་སྟེ་ཞིབ་བཤེར་བྱེད་དགོས་རིགས་ཚང་མར་ཞིབ་བཤེར་བྱེད་བཞིན་ཡོད་པས། ཉེན་ཁ་ཆེ་འབྲིང་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་འཚོ་བའི་དངོས་རྫས་འགན་ལེན་དང་། སྨན་བཅོས་སྐྱོབ་བཅོས། སྨན་རྫས་མཁོ་འདོན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། རྒན་རྒོན་དང་། བྱིས་པ། སྦྲུམ་མ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ལ་གཙོ་གནད་དུ་དོ་ཁུར་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་དང་བླངས་པ་སོགས་ཀྱི་སྟོབས་ཤུགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཧུར་ཐག་ཞུགས་པར་སྐུལ་སློང་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།