དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རིམས་འགོག་བྱ་ཐབས་དེ་དག་སེམས་ལ་ཡག་པོ་ངེས་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-11

    སྨི་གཅིག་གི་བར་ཐག་བརྩི་སྲུང་། བང་སྒྲིག་པ་དང་། དངུལ་སྤྲོད་པ། སྐད་ཆ་ཤོད་པ། ལུས་རྩལ་རྩེ་བ། ལྟ་སྐོར་བྱེད་པ། ཉོ་སྒྲུབ་བྱེད་པ་བཅས་ཀྱི་སྐབས་སུ། སྨི་1ཡན་གྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་དགོས།

    རྒྱུན་དུ་རླུང་འགྲོ་བྱེད་པ། ཉིན་ལྟར་སྒེའུ་ཁུང་ཐེངས་2ནས་3བར་ཕྱེ་ནས་རླུང་འགྲོ་རུ་འཇུག་པ་དང་། ཐེངས་རེར་སྐར་མ་20ནས་30བར་ཕྱེ་དགོས། དྲོད་ཚད་འཚམ་པོ་ཡོད་དུས་སྒེའུ་ཁུང་ཕྱེ་ནས་བཞག་ཆོག

    གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་པ། རྒྱུན་གཏན་ནས་ཁང་པར་གཙང་སྦྲ་ཡག་པོ་བྱེད་དགོས། ནང་འདྲེན་བྱས་པའི་འཁྱགས་ཉར་བཟའ་བཅའ་བཟོ་བའི་ཐབ་ཆས་དང་། ནད་པ་དང་མགྲོན་པོས་སྤྱད་པའི་དངོས་པོ་དང་ཕོར་པ་བཅས་དུས་ཐོག་ཏུ་གཙང་སྦྲ་དང་དུག་སེལ་ཡག་པོ་བྱེད་དགོས། མྱུར་སྐྱེལ་ལེན་སྐབས་75%ཡི་ཅིའུ་ཅིང་ངམ་ཡང་ན་ཁིལ་ལྡན་དུག་སེལ་སྨན་ཐུམ་སོགས་ཀྱིས་ཕྱིས་པའམ་ཡང་ན་མྱུར་སྐྱེལ་གྱི་ཐུམ་སྒྲིལ་ལ་གཏོར་དགོས་པ་དང་། ཁ་བཤིག་རྗེས་དུས་ཐོག་ཏུ་ཐུམ་སྒྲིལ་དབྱུག་དགོས་པ་མ་ཟད། ལག་པ་གཙང་མ་འཁྲུ་དགོས། དྲོད་སྙོམ་འཕྲུལ་ཆས་མ་སྤྱོད་གོང་། དེའི་གྱང་འགེལ་འཕྲུལ་ཆས་ཀྱི་འཚག་ཆས་དང་། རླངས་འགྱུར་ཆས་ཀྱི་ཕྱི་ངོས། རླུང་འཛུལ་ས་དང་འགྲོ་ས་བཅས་ལ་གཙང་འཁྲུད་དང་དུག་སེལ་བྱེད་དགོས།

    གསང་སྤྱོད་ཀྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། ཆབ་གཞོང་དུ་ཆུ་མ་གློད་གོང་ཁ་གཅོད་རྒྱག་དགོས་པ་དང་རྟག་ཏུ་སྒེའུ་ཁུང་ཕྱེ་བའམ་ཡང་ན་རླུང་འབུད་རླུང་གཡབ་ཕྱེ་དགོས། དུས་བཅད་ལྟར་གསང་སྤྱོད་ཀྱི་གཙང་སྦྲའི་ཡོ་ཆས་དང་ས་ངོས་ལ་གཙང་སྦྲ་དང་དུག་སེལ་བྱེད་དགོས་པ་དང་། བཙོག་པའམ་ཡང་ན་ནག་ནོག་ཡོད་ཚེ་དུས་ཐོག་ཏུ་གཙང་སྦྲ་དང་དུག་སེལ་བྱེད་དགོས།

    བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱེད་པ། གཟུགས་པོ་སྦྱོང་བརྡར་ལ་ཤུགས་སྣོན་དང་། ངལ་གསོའི་ཆོས་ཉིད་རྒྱུན་འཁྱོངས། གཉིད་འདང་ངེས་ཁུག་པ། སེམས་ཁམས་ཡག་པོ་རྒྱུན་འཛིན་བཅས་བྱེད་དགོས་པ་དང་། བདེ་ཐང་ངང་བཟའ་བཏུང་བྱེད་པ་དང་ཐ་མག་གཅོད་པ་དང་དང་ཆང་རག་ལ་ཚོད་འཛིན་བྱེད་དགོས་པ། ཉིན་ལྟར་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ་དང་ཚ་བ་རྒྱས་པ་དང་། སྐམ་གློ་རྒྱག་པ། ཤུགས་མེད་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་སྐབས་དུས་ཐོག་ཏུ་སྨན་པ་བསྟེན་དགོས།

    ཉིང་སྐྱུར་བརྟག་དཔྱད། བླང་བྱ་ལྟར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ས་གནས་དེ་གའི་རིམས་ནད་ཐག་གཅོད་ཁྲོད་ཀྱི་ཉིང་སྐྱུར་བརྟག་དཔྱད་ཡག་པོ་བྱས་ནས“བརྟག་དཔྱད་བྱེད་དགོས་རིགས་ཚང་མ་བརྟག་དཔྱད་ཐུབ་པའི”འགན་ལེན་བྱས་ཏེ། རང་ཉིད་དང་ནང་མིའི་བདེ་ཐང་ལ་འགན་འཁུར་དགོས།

    རིམས་འགོག་སྨན་ཁབ་རྒྱག་པ། རྒྱལ་ཁབ་ཀྱི་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་པའི་སྲིད་ཇུས་དང་ལེན་བྱེད་པ་དང་། ལོ་3ཡན་གྱི་ལོ་ཚད་ལོན་པའི་སྨན་ཁབ་རྒྱག་ཆོག་པའི་མི་ཚོགས་ཀྱིས་རིམས་འགོག་སྨན་ཁབ་བརྒྱབ་ནས“རིམས་འགོག་སྨན་ཁབ་རྒྱག་དགོས་རིགས་ཚང་མ་བརྒྱབ”སྟེ་མི་སྒེར་གྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། (《སྤྱི་དམངས་ཀྱི་རིམས་འགོག་སྐོར་གྱི་གཞི་རྩའི་བྱ་སྤྱོད་ཚད་གཞི》ལས་བཤུས)

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།