དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐོར་སྐྱོད་སྨན་བཅོས་བྱས། དམག་དམངས་བརྩེ་དུང་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-10

    a1958d3f-59cf-4ad7-8337-d145a205fd60.jpg.jpg

     འདི་ནི་རྒན་རྒོན་ཞིག་ལ་ཁྲག་ཤེད་ལྟ་བཞིན་པ།

    ཉེ་ཆར་མངའ་རིས་ས་ཁུལ་དྲག་ཆས་ཉེན་རྟོག་སྨན་བཅོས་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་ཞིག་དང་རུ་ཆེན་ཞིག་ལས་གྲུབ་པའི་སྨན་བཅོས་སྐོར་སྐྱོད་རུ་ཆུང་གིས་རོགས་སྐྱོར་བྱ་ཡུལ་གནམ་རུ་གྲོང་ཚོར་བསྐྱོད་ནས“དྲོ་སྐྱིད་སྦྱིན། གཅེས་སེམས་འབུལ”ཞེས་པའི་སྨན་བཅོས་སྐོར་གཡེང་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་སྐོར་གཡེང་རུ་ཆུང་གིས་ཁྲག་ཤེད་ལྟ་ཆས་དང་སྙིང་པར་འཕྲུལ་ཆས། རྒྱུན་སྤྱོད་སྨན་སྣ་ཁ་20ཙམ་འཁྱེར་ནས་འབྲོག་རར་བསྐྱོད་དེ། ན་ཚ་ལྟ་བ་དང་། ཁྲག་མངར་དང་ཁྲག་ཤེད་ལྟ་བ། སྙིང་པར་རྒྱག་པ་བཅས་བྱས་ཏེ་འབྲོག་པའི་གཟུགས་པོར་བརྟག་དཔྱད་བྱས་པ་མ་ཟད། ཁྲག་ཤེད་མཐོ་བ་དང་རུས་ཚིགས་ནད་ཕོག་པའི་འབྲོག་པར་བདེ་ཐང་ཡིག་ཚགས་བཟོས་པ་དང་འབྲེལ་བཟའ་བཏུང་གི་གོམས་གཤིས་དང་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།