དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • 2022ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-03

    ཉིན་ཤས་གོང་། 2022ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བོད་ཡན་ལག་ཚོགས་རར་ཞུགས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། གསོ་རིག་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྨན་བཅོས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་བྱས་པ་བརྒྱུད་སྨན་བཅོས་གཙོ་བོ་བྱེད་པ་ནས་མི་དམངས་ཀྱི་བདེ་ཐང་གཙོ་བོར་བྱེད་པའི་བར་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་སྟེ། ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འདྲ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཛམ་གླིང་ཐོག་རྒྱ་ཆེ་ཤོས་དང་དམངས་ཡོངས་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དྲ་རྒྱ་བཏོད་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་གསོ་རིག་སྨན་རྫས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ཉམས་སད་སྣ་ཚོགས་ཐེག་ཐུབ་པར་བྱས་ནས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྨན་བཅོས་སྒྱུར་བཅོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། སྨན་བཅོས་སྒྱུར་བཅོས་ཀྱི་འདུ་ཤེས་དང་། རྩ་དོན། ལམ་བུ་བཅས་སྲ་བརྟན་དུ་གཏོང་བ་དང་། “སྨན་གསུམ”མཉམ་འགུལ་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཞན་ཆ་སེལ་བ་དང་། གཞི་རིམ་སྟོབས་ཆེར་གཏོང་བ། ལམ་སྲོལ་འཛུགས་པ། སྨན་བཅོས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།