དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་ལྗོངས་ཀྱི་མཐོ་རིམ་ལག་རྩལ་བཟོ་པའི་གཞུང་བཙུགས་སློབ་གྲྭ་དང་པོ་ཉིང་ཁྲི་གྲོང་ཁྱེར་དུ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-09

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭར་སྒོ་བྱང་འགེལ་བ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། སློབ་གྲྭ་ཕན་ཚུན་མཉམ་ལས་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ་དྲུག་པར་ཉིང་ཁྲི་གྲོང་ཁྱེར་ལག་རྩལ་བཟོ་པའི་སློབ་གྲྭའི་སྒོ་བྱང་བཀལ་ནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། སློབ་གྲྭ་བཙུགས་ནས་ལོ་གཉིས་འཁོར་བའི་སྐབས། སློབ་གྲྭ་དེ་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭར་རིམ་སྤོར་བྱེད་པའི་ཆོག་མཆན་སྤྲད་ཅིང་། ད་རེས་སྒོ་བྱང་བཀལ་བ་ལས་ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་དེ་རང་སྐྱོང་ལྗོངས་ཁོངས་ཀྱི་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་དང་པོ་ཡིན་པ་མཚོན་ལ། ད་བར་གཞུང་བཙུགས་ཀྱི་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ་གཅིག་པུ་དེ་ཡིན་པའང་མཚོན་ཡོད།

    སློབ་གྲྭ་དང་ཁེ་ལས་མཉམ་ལས་གྱི་ལམ་ལུགས་དང་ལག་རྩལ་པ་གསོ་སྦྱོང་དང་སློབ་སྦྱོང་གཞི་གཅིག་ཅན་གྱི་ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཤེས་ལྡན་པ་གསོ་སྦྱོང་གི་མཁོ་སྤྲོད་དང་ཐོན་ལས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭས་ཉིང་ཁྲིའི་རིག་གནས་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་དང་། པོ་ཐའེ་ཉིང་ཁྲི་མགྲོན་ཁང་ཆེ་མོའི་དོ་དམ་ཚད་ཡོད་ཀུང་སི། ཀོང་ཏུང་ལག་རྩལ་ཤེས་ལྡན་པའི་མི་ཤུགས་ཐོན་ཁུངས་ཚད་ཡོད་ཀུང་སི་སོགས་ཀུང་སི་7དང་ཀོང་ཏུང་ཞིང་ཆེན་ཀོང་ཏུང་གི་ཟས་རིགས་གཡོས་སྦྱོར་ཤེས་ལྡན་པའི་ལས་རིགས་རྩལ་ནུས་གསལ་འབྱེད་ལྟེ་གནས་བཅས་དབར་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། སློབ་གྲྭ་དང་ཁེ་ལས་ཕྱོགས་གཉིས་པོས་ཆེད་ལས་འཆར་འགོད་ལ་གྲོས་བསྡུར་དང་། སློབ་ཁྲིད་གསར་སྤེལ་བྱེད་པར་མཉམ་གྲོས། དགེ་རྒན་དཔུང་ཁག་མཉམ་ཏུ་སྒྲིག་འཛུགས། གསོ་སྦྱོང་བྱེད་སྟངས་མཉམ་དུ་གསར་གཏོད། དངོས་སྦྱོང་རྟེན་གཞི་མཉམ་དུ་སྐྲུན་པ། དོ་དམ་ལས་སྟེགས་མཉམ་སྐྲུན། གསོ་སྦྱོང་སྤུས་ཚད་མཉམ་དུ་དཔྱད་འདེམས་བཅས་བྱས་ནས་ཁེ་ལས་ལ་ཤེས་ལྡན་པ་ཡོད་པ་དང་། སློབ་མས་རྩལ་ནུས་ཤེས་པ། སློབ་གྲྭ་འཕེལ་རྒྱས་ཡོང་བ་བཅས་ཀྱི་གཉིས་ཕན་དམིགས་ཡུལ་ཧུར་ཐག་འགྲུབ་རྒྱུ་མ་ཟད། སློབ་གྲྭས་ཀོང་ཏུང་ཞིང་ཆེན་འཕྲུལ་ཆས་ལག་རྩལ་པའི་སློབ་གླིང་དང་། ཀོང་ཏུང་ཞིང་ཆེན་གྲོང་ཁྱེར་ལག་རྩལ་པའི་སློབ་གླིང་། ཀོང་ཏུང་ཞིང་ཆེན་རྒྱལ་སྲུང་ཚན་རྩལ་ལག་རྩལ་པའི་སློབ་གླིང་སོགས་ལག་རྩལ་པའི་སློབ་གླིང་དང་སློབ་གྲྭ་མང་པོ་དང་མཉམ་ལས་གྲོས་མཐུན་གྱི་མིང་རྟགས་ཀྱང་བཀོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་2020ལོའི་ཟླ་དྲུག་པར་སྒོ་བྱང་བཀལ་ཏེ་ལས་གཉེར་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན། ཀོང་ཏུང་གི་ཟས་རིགས་གཡོས་སྦྱོར་ལག་རྩལ་དང་། ཀོང་ཏུང་ལྷོ་ཕྱོགས་ཀྱི་ཁྱིམ་ལས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན། གཞུང་ལམ་བདག་སྐྱོང་། འགྲིམ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་43གཉེར་བར་སློབ་མ་མི་ཐེངས་2346ལ་གསོ་སྦྱོང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།