དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ འདམ་གཞུང་རྫོང་ཀོང་ཐང་ཤང་དུ་བསྐྱོད་ནས་འོས་འགན་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-08

     ཉེ་ཆར། པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་འཕྲོད་བསྟེན་བདེ་ཐང་མ་ལག་བོད་སྐྱོར་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་ལྔས་འདམ་གཞུང་རྫོང་ཀོང་ཐང་ཤང་འཕྲོད་བསྟེན་ཁང་དུ་བསྐྱོད་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

    ཐེངས་འདིའི་འོས་འགན་སྨན་བཅོས་བྱེད་སྒོར་སྔོན་འགོག་གཙོ་བོར་འཛིན་པ་དང་འགོག་བཅོས་གལ་ཆེ་མཉམ་དུ་འཛིན་པའི་རྩ་དོན་མཐའ་འཁྱོངས་བྱས་པ་དང་། སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་མི་སེར་ཁྲོད་བསྐྱོད་ནས་ས་གནས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་སྤེལ་བ་དང་ཆབས་ཅིག མང་ཚོགས་ཁྲོད་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་འཇགས་པ་དང་སྨན་བཅོས་ལས་སྔོན་འགོག་གལ་ཆེ་བའི་བདེ་ཐང་གི་འདུ་ཤེས་དར་སྤེལ་བཏང་བས། མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།