དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བརྩེ་སེམས་ཟབ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-08

    d0aead6d-8504-43f5-a871-c68859e7b362.jpg.jpg

    འདི་ནི་མུའུ་ཏན་ཅང་སྙིང་ནད་སྨན་ཁང་གི་སྨན་དོན་མི་སྣས་ས་དགའ་རྫོང་གི་བྱིས་པར“ལྷན་སྐྱེས་སྙིང་ནད”དབྱེ་བཤེར་བྱེད་བཞིན་པ།

    ཉེ་དུས་ཅི་ལིན་ཞིང་ཆེན་པའེ་ཧྲན་གྲོང་ཁྱེར་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཧེ་ལུང་ཅང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་དང་མཐུན་སྦྱོར་བྱས་ཏེ་ཧེ་ལུང་ཅང་མུའུ་ཏན་ཅང་སྙིང་ནད་སྨན་ཁང་གི་སྨན་དོན་མི་སྣ་གདན་དྲངས་ནས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་བསྐྱོད་དེ་དུས་ཡུན་ཉིན་3ལ“ལྷན་སྐྱེས་སྙིང་ནད”ཡོད་པའི་བྱིས་པར་ནད་གཞི་དབྱེ་བཤེར་གྱི་བྱ་སྤྱོད་སྤེལ་བ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་ས་དགའ་རྫོང་གི་བྱིས་པ་ཁྱོན་3412ལ་དབྱེ་བཤེར་བྱས་ཤིང་། འཚོལ་བཤེར་ཐུབ་པའི་གཤགས་བཅོས་བྱེད་ཆོག་པའི“ལྷན་སྐྱེས་སྙིང་ནད”ཕོག་པའི་བྱིས་པ་དག་ལ་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་དང་། དེ་བཞིན་མུའུ་ཏན་ཅང་སྙིང་ནད་སྨན་ཁང་གི་མཉམ་འབྲེལ་མ་དངུལ་རོགས་སྐྱོར་ཐོབ་ནས་གཤགས་བཅོས་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།