དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དཔེ་དེབ་ཀྱི་དྲི་བསུང་སློབ་ར་ཡོངས་སུ་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-01

    ཉེ་ཆར། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གནས་ལུང་མཐའ་མཚམས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་དུ་བསྐྱོད་དེ། “དཔེ་དེབ་ཀྱི་དྲི་བསུང་སློབ་ར་ཡོངས་སུ་འཐུལ”ཞེས་པའི་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ་སྤེལ་བ་རེད། སློབ་མ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་འབོད་ཀྱི་ཁྲོད་དུ། མི་དམངས་ཉེན་རྟོག་པས་སློབ་མ་ཚོ་དང་མཉམ་དུ་དཔེ་ཀློག་གི་མྱོང་བ་མཉམ་སྤྱོད་བྱས་པ་མ་ཟད། སློབ་མ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ཉིན་བཞིན་ཡར་རྒྱས་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་ཀྱང་བྱས་པ་རེད།

    826d049d-a3e0-4d3f-9476-141b56056734.jpg.jpg

    འདི་ནི་གནས་ལུང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སློབ་མ་ཚོ་དང་མཉམ་དུ་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།