དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་ལྗོངས་ཀྱི་འདི་ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་གཏན་འཁེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-27

    ཚེས་25ཉིན་གྱི་ཉིན་དགུང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་གྱིས་ཟླ་6ཚེས་24ཉིན་ཚོགས་འདུ་འཚོགས་ཏེ་ཞིབ་འཇུག་བྱས་ནས་མོས་མཐུན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་གཏན་འཁེལ་བྱས་ནས་ཁྱབ་བསྒྲགས་བྱས་པ་གཤམ་གསལ།

    གཅིག སློབ་ཁུངས་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས།

    1.རིག་གནས་ལོ་རྒྱུས་རིགས།

    གཙོ་གནད་དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་340དང་རྒྱ་རིགས་ཀྱི་སྐར་གྲངས་430

    དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་305དང་རྒྱ་རིགས་ཀྱི་སྐར་གྲངས་310

    མཐོ་རིམ་ལས་རིགས(ཆེད་ཚན) གྲངས་ཉུང་མི་རིགས་ཀྱི་སྐར་གྲངས220དང་རྒྱ་རིགས་ཀྱི་སྐར་གྲངས་220

    2.རང་བྱུང་བཟོ་སྐྲུན་རིག་པའི་རིགས།

    གཙོ་གནད་དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་305དང་རྒྱ་རིགས་ཀྱི་སྐར་གྲངས400

    དངོས་གཞིའི་ཚན་ཁག་དཀྱུས་མ། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་260དང་རྒྱ་རིགས་ཀྱི་སྐར་གྲངས་300

    མཐོ་རིམ་ལས་རིགས(ཆེད་ཚན)གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་190དང་རྒྱ་རིགས་ཀྱི་སྐར་གྲངས་190

    གཉིས། སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་ཆེད་ལས་ཀྱི་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི།

    རིགས་འདིའི་སློབ་བསྡུའི་རིག་གནས་སྦྱངས་འབྲས་ཀྱི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་ནི་སློབ་ཁུངས་དཀྱུས་མའི་རིགས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞིའི་70%གཞིར་བཟུང་གཏན་འཁེལ་བྱས་ཡོད། སློབ་མ་བསྡུ་སྐབས་རིག་གནས་སྦྱངས་འབྲས་སློབ་བསྡུའི་གཏན་འབེབས་ཀྱི་ཚད་གཞི་ལོན་པའི་རིགས་ཆེད་ལས་སྦྱངས་འབྲས་མཐོ་དམན་གྱི་རིམ་པ་གཞིར་བཟུང་སྟེ་མི་གྲངས་མ་ཚང་བར་བསྡུ་རྒྱུ་ཡིན་པ།

    1.རིག་གནས་ལོ་རྒྱུས་རིགས།

    དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་214དང་རྒྱ་རིགས་ཀྱི་སྐར་གྲངས་217

    ཆེད་ཚན། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་154དང་རྒྱ་རིགས་ཀྱི་སྐར་གྲངས་154

    2.རང་བྱུང་བཟོ་སྐྲུན་རིགས།

    དངོས་གཞིའི་ཚན་ཁག གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་182དང་རྒྱ་རིགས་ཀྱི་སྐར་གྲངས་210

    ཆེད་ཚན། གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་133དང་རྒྱ་རིགས་ཀྱི་སྐར་གྲངས་133

    གསུམ། དཔུང་སྡེའི་སློབ་ཁུངས་ཀྱི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི།

    1.རིག་གནས་ལོ་རྒྱུས་རིགས།

    དངོས་གཞིའི་ཚན་ཁག་གི་སྐར་གྲངས219

    2.རང་བྱུང་བཟོ་སྐྲུན་རིགས།

    དངོས་གཞིའི་ཚན་ཁག་གི་སྐར་གྲངས194

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།