དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ས་སྐྱ་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དང་བླངས་པ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-10

     ཉེ་ཆར། ས་སྐྱ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་ས་སྐྱ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུངདོན་ཁང་སོགས་སྡེ་ཚན་དང་མཉམ་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པར“ནད་ཡམས་སྔོན་འགོག་བྱེད་པར་ང་རང་ཡོད། དང་བླངས་བྱ་སྤྱོད་མཉམ་དུ་སྤེལ”ཞེས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་སྐབས་ས་སྐྱ་རྫོང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་གི་ལས་དོན་མི་སྣས་དང་བླངས་པར་འགོག་སྲུང་གྱོན་ཆས་གྱོན་པའི་བརྒྱུད་རིམ་དང་། ལག་པ་འཁྲུ་བའི་གོ་རིམ། དོ་སྣང་བྱེད་དགོས་པའི་དོན་ཚན། འགོག་སྲུང་དང་དེ་བཞིན་དུག་སེལ་གྱི་གོ་རིམ་སོགས་ཞིབ་ཕྲའི་གནས་ཚུལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད། རྒྱུན་གཏན་གྱི་དུག་སེལ་བྱེད་སྐབས་དུག་སེལ་སྨན་ཆུ་ཡང་དག་ངང་བསྲེས་པ་དང་དུག་སེལ་སྨན་ཆུ་སྤྱོད་སྐབས་དོ་སྣང་བྱེད་དགོས་པ་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ་ནས་དང་བླངས་པས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་དང་བླངས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་དོན་དངོས་ཀྱི་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏོང་རོཌ་བྱས་པ་དང་ཆབས་ཅིག འབྲེལ་ཡོད་ལས་དོན་མི་སྣས་འགོག་སྲུང་གྱོན་ཆས་སྤྱོད་སྟངས་དང་དུག་སེལ་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་རྨང་གཞིའི་བཀོལ་སྤྱོད་བྱེད་ཐབས་ས་གནས་ས་ཐོག་ཏུ་སློབ་པ་དང་འབྲེལ། དང་བླངས་པའི་འཐུས་མི་ཁག་གཅིག་གར་སྟེགས་ཐོག་འབོད་ནས་བཀོལ་སྤྱོད་བྱེད་དུ་བཅུག་པ་མ་ཟད། ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་གསོ་སྦྱོང་བྱེད་རིང་སློབ་མའི་སྐབས་བསྟུན་གནད་དོན་ལ་ལན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།