དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྙིང་ཁམས་ཁྲག་རྩའི་ནད་སྨན་བཅོས་བྱེད་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-24

    རང་རྒྱལ་དུ་ད་ཡོད་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་མི་གྲངས།

    དུང་ཕྱུར་3.3ཟིན་པ།

    སྙིང་ཁམས་ཁྲག་རྩའི་ནད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱིའི་འཆི་རྐྱེན་གྱི་ཨང་དང་པོར་སླེབས་པ།

    རང་རྒྱལ་གྱི་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་དང་ནད་ཚབས་ཆེན་ཕོག་མཁན་དྲུག་གི་ཁྲོད་དུ་སྤྱིར“90ནང་སྐྱེས”རེ་ཡོད་པ།

    བྲང་ཁ་བསྡམས་པ་དང་། བྲང་ཁར་ན་ཟུག་གཏོང་བ། སེམས་འཚབ་པ།

    ནད་རྟགས་འདི་དག་ཡོད་ན་ཡིད་གཟབ་བྱེད་དགོས་པ་སྟེ།

    ● སྙིང་ཁམས་ཁྲག་རྩའི་ནད་ཀྱི་རྒྱུན་མཐོང་དང་དོགས་ཟོན་ཆེན་པོ་བྱེད་དགོས་པའི་ནད་རྟགས་གྲས་སུ། བྲང་ཁ་བསྡམས་པ་དང་། བྲང་ཁར་ན་ཟུག་གཏོང་བ། སེམས་འཚབ་པ་སོགས་རེད།

    ● ཁྲག་ཤེད་མཐོ་བའི་ནད་རྟགས་ནི། མགོ་ཡུར་འཁོར་བ་དང་། མགོ་ན་བ། མིག་གསལ་ལ་མི་གསལ་བྱེད་པ་སོགས་རེད།

    ● ཀླད་གྲིབ་ཀྱི་ནད་རྟགས་ནི། ལུས་པོའི་ཡན་ལག་གཞོགས་གཅིག་གི་ཚོར་བ་ཉམས་པའམ་ཡང་ན་འགུལ་སྐྱོད་མི་ཐུབ་པ་དང་། སྒྲ་དག་པོ་མེད་པ། ཐ་ན་ཁ་ཡང་གྲགས་མི་ཐུབ་པ་སོགས་རེད།

    ● ལུས་སྨད་ཀྱི་འཕར་རྩའི་ནད་རྟགས་ནི། ལུས་སྨད་ལ་ན་ཟུག་གཏོང་བ་དང་རྐང་པ་འཐེང་པོར་འགྲོ་བ་ལ་སོགས་རེད།

    ཚན་རིག་དང་ལུགས་མཐུན་གྱི་འཚོ་བ་སྐྱེལ་སྟངས་ཤེས་པར་བྱེད་དགོས།

    ཁྲག་རྩའི་བདེ་ཐང་ལ་སྲུང་སྐྱོང་འདི་འདྲ་བྱེད་དགོས་པ་སྟེ།

    ཚན་རིག་དང་ལུགས་མཐུན་གྱི་འཚོ་བ་སྐྱེལ་སྟངས་ཤེས་པར་བྱ་རྒྱུ་ནི་སྔ་ཙམ་སྔོན་འགོག་བྱེད་པའི་འགག་རྩ་ཡིན།

    ◆ ཁ་ལག་ཞག་ཚི་ཉུང་བ། ཧབ་ཟ་ཧབ་འཐུང་བྱ་མི་རུང་།

    ◆ ལུས་སེམས་རྣལ་དུ་ཕབ་དགོས་པ། འཚོ་བར་ཆོས་ཉིད་ཡོད་པ།

    ◆ མཚན་འཁྱོངས་མི་སྡོད་པ། ངལ་དུབ་ཆེ་དྲག་རྒྱུ་མེད་པ།

    ◆ རྟག་ཏུ་སྦྱོང་བརྡར་བྱེད་པ། བཙོག་པ་རྒྱུན་གཏན་བཞིན་འབབ་པ་སོགས་འཚོ་བའི་གོམས་གཤིས་བཟང་པོ་འཇགས་ན་ང་ཚོའི་སྙིང་ཁམས་ཁྲག་རྩ་བདེ་ཐང་ཡོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།