དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་དྲག་འདེམས་གདན་ཞུའི་ཡོང་ཁུངས་སྔར་བས་ལྷུག་ཏུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-19

    གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། ནོར་སྲིད་ཐིང་། མི་སྤྱི་ཐིང་། ཞིང་ལས་གྲོང་གསེབ་ཐིང་། གྲོང་གསེབ་དར་རྒྱས་ཅུས། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ”ཚན་རྩལ་ཤེས་ལྡན་མི་སྣའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བྱ་ཐབས》ནང“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣའི་རྩ་འཛུགས་དོ་དམ་དང་། མངགས་གཏོང་ལས་དོན། གཅིག་སྡུད་གསོ་སྦྱོང་། གྲོན་དངུལ་འགན་ལེན། ལས་རྗེས་དཔྱད་ཞིབ་སོགས་ཀྱི་ལས་དོན་ཁ་གསལ་བཏོན་ཏེ། “ཁུལ་གསུམ”ཚན་རྩལ་ཤེས་ལྡན་མི་སྣ་འདེམས་ཁུངས་ལྷུག་ཏུ་བཏང་བ་དང་ལས་རྗེས་དཔྱད་ཞིབ་ལས་དོན་བཀོད་སྒྲིག་བྱེད་ཚད་མང་དུ་བཏང་ནས“ཁུལ་གསུམ”ཚན་རྩལ་ཤེས་ལྡན་མི་སྣའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བར་མཛུབ་ཁྲིད་བྱས་པ་རེད།

    རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 《བྱ་ཐབས》བཏོན་རྗེས། རང་ལྗོངས་ཀྱི“ཁུལ་གསུམ”ཚན་རྩལ་ཤེས་ལྡན་མི་སྣའི་ལས་དོན་གྱིས་ཚན་རྩལ་ཞབས་ཞུ་མཁོ་འདོན་གནད་སྨིན་བྱེད་པ་དང་། ལས་གཏོད་ལ་བརྟེན་ནས་ཤེས་ལྡན་མི་སྣ་དཀོན་རིགས་ལ་སྐུལ་ཁྲིད་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་དམིགས་ཡུལ་དུ་བྱས་ཏེ། ཤེས་ལྡན་མི་སྣ་གཤམ་སྐྱོད་དང་། ཚན་རྩལ་གཤམ་སྤེལ། “ཞིང་གསུམ”ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་ཀྱིས་ཚན་རྩལ་མི་སྣས་གཞི་རིམ་དུ་ཞབས་ཞུ་གཏིང་ཟབ་སྤེལ་བ་དང་གཞི་རིམ་གྱི་ཚན་རྩལ་ཞབས་ཞུའི་སྟོབས་ཤུགས་བརྟན་དུ་བཏང་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི“ཁུལ་གསུམ”ཚན་རྩལ་ཤེས་ལྡན་མི་སྣའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།