
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་གྱིས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ལུས་རྩལ་སྦྱོང་བརྡར་མ་ལག་གཞོན་ནུ་ལོ་ཆུང་གི་བྱང་ཚད་སློབ་གསོར་མཉམ་འདྲེས་བྱས་ནས་གཞོན་ཆུ་ལོ་ཆུང་གི་ནུས་ཟུངས་ཆེ་རུ་གཏོང་བ་དང་ཕུལ་བྱུང་གི་ལུས་རྩལ་བ་གསོ་སྐྱོང་བྱེད་པར་སྐུལ་འདེད་བཏང་ཞིང་། འདི་ནི་ལྷ་རི་རྫོང་ལྷ་རི་གྲོང་རྡལ་སློབ་ཆུང་གི་སློབ་མས་དགེ་རྒན་གྱི་སྣེ་ཁྲིད་འོག“གྲོང་གསེབ་དར་རྒྱས། ནག་ཆུའི་འབད་འཐབ”ཅེས་པའི་U13གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་ཆེད་སྦྱོང་བརྡར་བྱེད་བཞིན་པ།