དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་རྫོང་ཞིག་གིས་ལུག་ཤའི་གསོལ་སྟོན་འདི་འདྲ་ཞིག་བཤམས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  གསར་འགོད་པ། བསོད་ནམས་མཚོ་མོ། བསོད་ནམས་གཡང་འཛོམས།   |     སྤེལ་དུས།  2022-05-16

    1.jpg

    སེ་བ་ལུག་ནི་བོད་བྱང་ཐང་གི་ས་བབ་མཐོ་ཚད་སྨི་4800ཡན་དུ་འཚོ་བའི་ས་མཐོའི་ལུག་རེད། གཙོ་བོ་དཔལ་མགོན་རྫོང་མ་ཆེན་ཤང་ས་ཁོངས་སུ་འཚོ་ཡི་ཡོད། ལོ་འཁོར་མོར་རྩྭ་ཐང་དུ་གློད་ནས་གསོ་ཚགས་བྱེད་ཀྱི་ཡོད་པས་ཤ་སྤུས་དག་ལ། འོ་མའི་ཐོན་འབབ་སྤྱིར་བཏང་ལུག་ལས་25%མང་བ། སྤྲི་དཀར་སོགས་ཀྱི་གཞི་རྒྱུའི་འདུས་ཚད་མཐོ་བ། ཚིལ་ཉུང་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད། 2020ལོར་དཔལ་མགོན་རྫོང་གི་སེ་བ་ལུག་རྒྱལ་ཡོངས་ཀྱི་གྲགས་ཅན་ཞིང་ལས་ཐོན་རྫས་སྤུས་ལེགས་གསར་པའི་མིང་གཞུང་དུ་དངོས་སུ་བཅུག་པ་དང་། མིག་སྔར་མིང་གཞུང་འདིར་ཚུད་པའི་བོད་ཀྱི་ཐོན་རྫས་དང་པོ་དེ་རེད།

    2.jpg

    སེ་བ་ལུག་གི་མགོ

    ཕན་ནུས། ལུག་མགོས་གྲང་ངར་འགོག་ཐུབ་པ་དང་། ཕོ་བ་དང་མཚེར་པའི་དྲོད་གསོ་བ། མཆིན་པ་དང་མཁལ་མ་གསོ་ཐུབ་པ། ཀླད་པ་གསབ་ཐུབ་པ་བཅས་ཀྱི་ནུས་པ་ལྡན་ཡོད།

    3.jpg

    སེ་བ་ལུག་གི་རྒྱུ་མ།

    ཕན་ནུས། རྒྱུ་མས་འཚོ་བཅུད་ཁ་གསབ་དང་། ནུས་ཚད་ཁ་གསབ། ཕོ་རྒྱུ་གསོ་བ། གྲང་ངར་འགོག་པ། ཕོ་དྲོ་གསོ་བ་བཅས་ཀྱི་ནུས་པ་ལྡན་ཡོད།

    4.jpg

    སེ་བ་ལུག་གི་ཕིག་ཕིག

    ཕིག་ཕིག་བཟོ་ཐབས། སུག་མཐིལ་མེ་ཆུང་ངུས་དལ་བུར་ཆུ་ཚོད་4བཙོས་ཏེ་གྲང་སང་ཆུ་ཚོད་12ཡན་མས་གཏོང་དགོས། 

    ཕན་ནུས། ལུས་ཟུངས་གསོ་བ་དང་། རྐེད་པ་དང་པུས་མོ་ན་བ་སོགས་ལ་ཕན་པ་ཆེན་པོ་ཡོད་པས། རྒན་རྒོན་གྱི་རུས་པ་སོབ་སོབ་མ་ཆགས་སྔོན་འགོག་བྱེད་ཐུབ།

    5.jpg

    6.jpg

    སེ་བ་ལུག་གི་གྲོད་ཐུམ་དང་གྲོད་ཐུམ་སྐམ་པོ།

    ཕན་ནུས། ལུག་གི་གྲོད་ཐུམ་གྱིས་རྔུལ་ཆུ་འདོན་པ་དང་། མཚེར་བ་གསོ་བ། དོན་ལྔ་སྣོད་དྲུག་སོགས་ལ་ཕན་པ་ཡོད།

    7.jpg

    སེ་བ་ལུག་གི་འོ་མ།

    ཕན་ནུས། རྒྱུན་དུ་བཏུངས་ན་མཁལ་མ་དང་ཕོ་བ་གསོས་ནས་གཟུགས་པོར་འཚོ་བཅུད་སྦྱིན་ཐུབ། གློ་བའི་ནད་ཀྱིས་ཁྲག་སྐྱུག་པ། གྲང་གྲུམ་གྱི་ནད། མི་འཇུ་བ། ཡུན་རིང་ན་ནས་གཟུགས་པོ་སྐྱོ་པོ་ཆགས་པ་བཅས་ལ་ཕན་པ་ཆེན་པོ་ཡོད། 

    8.jpg

    སེ་བ་ལུག་གི་ཞོ།

    ཕན་ནུས། ཟས་འཇུ་བདེ་བ་དང་། གཟུགས་པོར་དྲོད་ཁུག་པ། གྲོད་པ་མི་སྦོས་པ་བཅས་ཀྱི་ཕན་པ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།