དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་ཐུབ་པའི”བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-16

    2223644_yis_1652630400000_s.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་མ་ལུས་རྩལ་ཐང་དུ་རྒྱུག་ཤར་གློད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་ནས་ལོ་བཞི་བསྟུད་མར་འོས་འགན་སློབ་གསོའི་དུས་མཚམས་ཀྱི“འགན་ལེན་གསུམ”གྱི་ཚད་གཞི་མུ་མཐུད་མཐོ་རུ་བཏང་བས། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3720ཟིན་ཡོད། རྒྱལ་ཡོངས་ཀྱི་སྔོན་ལ་ལོ་བཅོ་ལྔའི་གཞུང་གྲོན་སློབ་གསོ་མངོན་འགྱུར་བྱུང་སྟེ་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ཁྱབ་ཡོད། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་དང་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་ཕྱིན་ནས་དེ་སྔའི“སློབ་གྲྭ་འགྲིམ་རྒྱུ་ཡོད་པ”ནས་ད་ཆའི“སློབ་གྲྭ་ཡག་པོ་འགྲིམ་ཐུབ་པའི”བར་དེ་བས་འདྲ་མཉམ་དང་སྤུས་ཚད་ལེགས་པའི་སློབ་གསོ་རིམ་བཞིན་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།