དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ནད་རྟགས་འདི་དག་ཐོན་ཚེ་ཡིན་གཅིག་ཡིད་གཟབ་གནང་དགོས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-12

    ནད་རྟགས་བདུན་འདི་དག་ཐོན་ཚེ་གཅིན་སྙི་ཟགས་ཁུའི་ནད་ཕོག་ཡོད་པས་ཡིན་གཅིག་གཟབ་དགོས།

    རང་རྒྱལ་དུ་མི་རྒན་པ་བཅུ་ནས་མི་གཅིག་ལ་གཅིན་སྙི་ཟགས་ཁུའི་ནད་ཡོད་པ་དང་། མི་རྒན་པ་གསུམ་ནས་མི་གཅིག་ལ་གཅིན་སྙི་ཟགས་ཁུའི་ནད་རྟགས་ཐོག་མ་ཐོན་གྱི་ཡོད། འཚོ་བའི་ཆུ་ཚད་ཡག་ཏུ་ཕྱིན་པ་དང་བསྟུན་ནས། གཅིན་སྙི་ཟགས་ཁུའི་ནད་པ་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད།

     གཅིན་སྙི་ཟགས་ཁུའི་ནད་རྟགས་གཙོ་བོ་ནི་ཁ་ལག་མང་པོ་བཟའ་བ་དང་། བཏུང་བྱ་མང་པོ་འཐུང་བ།  གཅིན་པ་མང་དུ་ཕྱིན་པ། གཟུགས་པོའི་ལྗིད་ཚད་ཆག་པ་སོགས་རེད། འོན་ཀྱང་མི་འགའ་རེར་གོང་གི་ནད་རྟགས་འདི་དག་ཐོན་གྱི་མེད། 

    དེས་ན། གལ་ཏེ་གཤམ་གྱི་ནད་རྟགས་འདི་དག་ཐོན་ཚེ། ངེས་པར་དུ་ཡིད་གཟབ་གནང་དགོས།

    གཅིག ཧ་གོ་འདི་གོ་མེད་པར་གཟུགས་པོའི་ལྗིད་ཚད་ཆག་པ།

    11.jpg

    གཉིས། ཁ་ལག་ཟ་ཤུགས་ཆེ་རུ་ཕྱིན་པ།

    22.jpg

    གསུམ། སོ་འགུལ་བའམ་སོ་ན་སླ་བ།

    33.jpg

    བཞི། ལུས་སྟོབས་ཉམས་པ།

    44.jpg

    ལྔ། སྐྱེས་པའི་སྐྱེ་འཕེལ་ནུས་པ་ཉམས་པ།

    55.jpg

    དྲུག མིག་ཤེད་ཉམས་པའམ་མིག་རབ་རིབ་ཆགས་པ།

    66.jpg

    བདུན། པགས་པར་ཟ་འཕྲུག་ལངས་པ།

    77.jpg

    གོང་གི་ནད་རྟགས་འདི་དག་ཐོན་ཚེ་སྣང་ཆུང་གཏན་ནས་བྱ་མི་རུང་ལ། སྔོན་འགོག་དང་སྨན་བཅོས་གང་ཞིག་བྱས་ཀྱང་། ངེས་པར་དུ་ཆེད་ལས་སྨན་པར་བློ་འདྲི་བྱེད་དགོས་པ་ལས། མི་གཞན་གྱི་དཀྲོག་གཏམ་དང་ཟེར་འགྲོས་ལ་ཡིད་ཆེས་གཏན་ནས་བྱ་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།