ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིང་སྐྱུར་འཐེན་བཤེར་གྱི་ལས་དོན་སྤེལ་འགོ་བཙུགས་ནས། ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་སྒྲིག་གཞི་97གྱི་སློབ་མ་དང་། དགེ་རྒན་ལས་བཟོ། རྒྱབ་ཕྱོགས་ཞབས་ཞུའི་མི་སྣ་བཅས་མི་གྲངས་15000ལྷག་ཙམ་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད།
རང་སྐྱོང་ལྗོངས་རིམས་ནད་གཞུང་ལས་ཁང་གི《ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་སློབ་དང་ལས་བཟོར་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་མིག་སྔའི་རིམས་ནད་ཀྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ། སློབ་གྲྭ་སོགས་གཙོ་གནད་མི་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱེད་ཐབས་ལ་ལེགས་སྒྲིག་བྱས་པ་དང་རེས་སྐོར་གསུམ་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་ཟིན་པའི་སློབ་གྲྭའི་སློབ་མ་དང་དགེ་རྒན་ལས་བཟོར་གཟའ་འཁོར་རེར་འཐེན་བཤེར་20%བྱེད་པ་དང་གཟའ་འཁོར་རེའི་གཟའ་པ་སངས་ལ་དགེ་སློབ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་སླར་ཡང་ཐེངས་གཅིག་བྱེད་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་གྲས་སུ་སྨན་དོན་མི་སྣ་དང་། གྲང་ཕྲེང་ལས་གཉེར་པ། ཞིང་ཟོག་ཁྲོམ་རའི་ལས་གཉེར་པ། མྱུར་སྐྱེལ་དང་ཟོག་འགྲེམས་ཀྱི་ལས་གཉེར་པ། དགོན་སྡེའི་གྲྭ་བཙུན་དང་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་སོགས་གཙོ་གནད་མི་ཚོགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་བཅས་ཚུད་ཡོད་པ་རེད།