དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་རུ་མི་ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-05-06

    360截图20220506093009524.jpg

    འདི་ནི་ཟླ་5ཚེས་4ཉིན་རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་རུ་མིས་རང་འགུལ་གྱི་གནམ་གཤིས་བརྟག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་4ཉིན་གྱི་ཉིན་དགུང་དུ་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་13གྱིས་ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེགས་པ་རེད། འདི་ནི་རང་རྒྱལ་གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་ས་བབ་མཐོ་ཚད་སྨི་8000ཡན་སྒྲོལ་ཐེངས་དང་པོ་ཡིན་པས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད།

    ད་ཐེངས་ཇོ་མོ་གླང་མའི་རྩེ་མོར་འཛེགས་སྐབས་ཚན་རིག་རྟོག་ཞིབ་རུ་ཁག་གིས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་བརྟག་ཆས་སྒྲིག་སྦྱོར་བྱས་པ་རེད། ཚེས་4ཉིན་ཚན་རིག་རྟོག་ཞིབ་རུ་ཁག་གིས“འཛམ་གླིང་ཡང་རྩེར”གནད་འཁེལ་ཚད་མཐོ་བའི་ལེ་ཏ་ཐོག་མར་སྤྱད་དེ་རི་རྩེའི་གངས་འཁྱགས་ཀྱི་མཐུག་ཚད་འཇལ་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི“ཡང་རྩེར་འཛེགས་པའི་འགན་འཁྲི། 2022ལོར་ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་ལ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་པ”དེས་ལྡིང་གྲུར་བརྟེན་ནས་རླུང་ཁམས་ཆེ་མོར་ལྟ་ཞིབ་ཚད་ལེན་བྱེད་པའི་ས་བབ་མཐོ་ཚད་ཀྱི་འཛམ་གླིང་ཟིན་ཐོ་ལས་ཚད་བརྒལ་ཐུབ་མིན་ཚོད་ལྟ་བྱས་ཡོད། མཐར་ས་བབ་མཐོ་ཚད་སྨི་9000ཡི་སར་སླེབས་ཡོད། གཞན་ཡང་། ད་ཐེངས་ས་བབ་ཤིན་ཏུ་མཐོ་བའི་རླུང་ཁམས་ཆེ་མོའི་སྦགས་བཙོག་རྒྱུག་ཕྱོགས་དང་དེ་བཞིན་ཚན་རིག་རྟོག་ཞིབ་མི་སྣས་ས་བབ་མཐོ་པོ་འཕྲོད་མིན་ལ་རྗེས་འདེད་འཚོལ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།