དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་ལ་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-15

    གྲོང་གསེབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་གྲོང་གསེབ་ཀྱི་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་སྔར་བས་ཚད་ལྡན་དུ་གཏོང་བ་དང་དོ་དམ་བྱེད་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཤེས་དཔལ་གཞུང་ལས་ཁང་གིས་རྫོང་ནོར་སྲིད་ཅུས་དང་སློབ་གསོ་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་གྱིས་ཆེད་དོན་ཞིབ་བཤེར་རྩིས་ལེན་གྱི་དཔྱད་ཞིབ་ཚོགས་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་2021ལོར་གསར་དུ་བསྐྲུན་པའི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་7དང་། བེད་སྤྱོད་བྱེད་བཞིན་པའི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་3འཛུགས་སྐྲུན་དང་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་རགས་ཙམ་བྱས་པ་རེད།

    ཞིབ་བཤེར་རྩིས་ལེན་གྱི་དཔྱད་ཞིབ་ཚོགས་ཆུང་གིས་གཙོ་བོར་ས་གནས་ས་ཐོག་ཏུ་ལྟ་སྐོར་དང་། དཔྱད་གཞིའི་ཡིག་ཆར་ལྟ་ཞིབ། སྙན་སེང་ཉན་པ་བཅས་ཀྱི་བྱ་ཐབས་བརྒྱུད། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་དཔྱད་ཞིབ་དཔྱད་དཔོག་ཚད་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་རྣམ་གྲངས་དོ་དམ་ལག་བསྟར》དང་ཞིབ་བསྡུར་ནན་པོ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་། ལམ་ལུགས་འཛུགས་སྐྱོང་། འགྲོ་གྲོན་དོན་འཁྱོལ། བྱེད་སྒོ་སྤེལ་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། ཞབས་ཞུའི་ཁྱབ་ཁོངས། འཁོར་སྐྱོད་ཕན་འབྲས་སོགས་དམིགས་ཚད་7ལ་གཙོ་གནད་ཞིབ་བཤེར་རྩིས་ལེན་དང་དཔྱད་ཞིབ་བྱས་པ་རེད།

    དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གསར་སྐྲུན་གྱི་ལས་ཀར་སྐུལ་འདེད་གཏོང་བ་དང་། བེད་སྤྱོད་བྱེད་བཞིན་པའི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གི་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏོང་བ། འབྲེལ་ཡོད་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་གིས་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ཡག་པོ་དང་། བེད་སྤྱོད་ཡག་པོ། ལྟ་སྐུལ་ཡག་པོ་བཅས་ལ་སྐུལ་འདེད་གཏོང་བ། གོམ་སྟབས་རྗེས་མར་གྲོང་གསེབ་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་དང་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོམ་སྟབས་རྗེས་མའི་གྲོང་གསེབ་ཀྱི“ལོ་ཆུང་བྱིས་པའི་བསྐྱར་དར་ཕོ་བྲང”འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།